བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་སྤྱི་མོས་ཐོག་བསྐྱར་བཅོས་བྱུང་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་ལྷན་ཚོགས་སུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་བཅའ་ཁྲིམས་དོན་མཚན་ ༡༩ ནང་གསལ་བཀའ་བློན་ཁྲི་པ་ཞེས་པའི་མཚན་བྱང་གི་ཚབ་ཏུ་སྲིད་སྐྱོང་ཞེས་འབོད་རྒྱུར་སྤྱི་མོས་བྱུང་བ་དེར་ཁྲིམས་མཐུན་ལག་བསྟར་གནང་རྒྱུའི་མཚན་རྟགས་བཀོད་ཡོད། མཛད་སྒོའི་སྐབས་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་ལྷན་རྒྱས་དང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་ཞུས་རྗེས་སྣང་གསལ་ཞལ་འབྱེད་གནང་ཡོད། དེ་ནས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ལ་མཚན་རྟགས་བཀོད་པ་དང་སྦྲགས། རིམ་བཞིན་བཀའ་བློན་རྣམ་པས་སྲིད་སྐྱོང་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་ཏེ་མཛད་སྒོ་གྲོལ་ཡོད། ཐེངས་འདིར་བསྐྱར་བཅོས་བྱུང་བའི་བཅའ་ཁྲིམས་རིན་པོ་ཆེའི་དོན་མཚན་བཅུ་དགུ་པར་སྲིད་སྐྱོང་མཆོག་གིས་མཚན་རྟགས་བཀོད་པ་ནས་བཟུང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་དེར་སྲིད་སྐྱོང་ཞེས་ཞུ་དགོས་པ་ཁྲིམས་ཐོག་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འགན་ཆགས་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།