བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ལ་ཛུ་རིག་ཚོགས་ཆུང་གིས་ས་རྟགས་བསྡུ་འགོད་གནང་པ་།


དགོངས་མངའ་བཞིན་འདི་ལོ་ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ལ་ཛུ་རིག་ཚོགས་ཆུང་གིས་རྗེས་སུ་ཡིད་རིང་དང་རྒྱབ་སྐྱོར་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་ས་རྟགས་བསྡུ་འགོད་ཕྱི་ཟླ་ ༩ ཚེས་༢༩ ཉིན་ཞོགས་པ་ཆུ་ཚོད ༧/oo ནས་དགོང་དྲོ་ཆུ་ཚོད ༡༧/༠༠ བར་ཛུ་རིག་གྲོང་ཁྱེར་ནང་ཆར་རླུང་ཁྲོད་ས་རྟགས་བསྡུ་འགོད་གནང་པའི་སྐབས། བོད་དོན་ལ་རྒྱབ་སྐྱོར་མི་བྱེད་མཁན་སྣ་ཚོགས་འདུག་པས་ལས་སླ་བོ་མི་འདུག ཚོགས་མི་རྣམས་པས་སྐུ་ངལ་ལ་མ་འཛེམས་པར་ཕྱག་རོགས་ཡག་པོ་གནང་སོང་། ཡིན་ཡང་ཕྱི་མི་ཁ་ཤས་ཀྱི་འཛམ་གླིང་གི་བདེ་སྡུག་བསམ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སོང་། མཐའ་དོན་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་ གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར། ས་རྟགས་བསྡུ་འགོད་མི་མང་ཚོགས་ཆུང་ ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་དུང་མུ་མཐུད་དེ་བསྡུ་ རྒྱུ་མི་མང་ཡོངས་ལ་འབོད་བསྐུལ་ཞུ་རོགས་གནང།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།