བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཉིན་གྱི་སྔ་དྲོའི་མཛད་རིམ།

༄༅།  བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད།  ༸རྒྱལ་བསྟན་ཡོངས་ཀྱི་མངའ་བདག  འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ།  ཁམས་གསུམ་ཆོས་ཀྱི་རྒྱལ་པོ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བོད་མི་ཡོངས་ལ་མང་གཙོའི་ལམ་སྲོལ་བཀྲིན་བརྩལ་ནས་མི་ལོ་ང་བཞི་ཧྲིལ་པོ་འཁོར་བའི་དུས་དྲན་ཕྱི་བསྣུར་གྱིས་གོང་ཚེས་ཉིན་སྲུང་བརྩི་ཞུས་པ་དང་།  ཞོགས་པ་ཚོུད་  ༩/༡༥  ཐོག་རི་ཀོན་མི་མང་སྤྱི་ཁང་དུ་སྤྱི་སྨན་དགོངས་འཆར་དང།  དྲི་བ་དྲི་ལན་གྱི་ཆེད་དུ་ལྷན་འཛོམས་གནང་ཞིང།  སྐབས་དེར་མི་གྲངས་བརྒྱ་སྐོར་ཙམ་ནས་ཆ་ཤས་ལེན་ཐུབ་པ་བྱུང་ཡོད་ལ།  ཐོག་མར་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་དགའ་བསུའི་འཚམས་འདྲིའི་གསུང་བཤད། བརྡ་སྐྱེལ་དགེ་ལེགས་ལགས།   ཁམས་པ་ཐུབ་བསྟན་ལགས།  རི་ཁུག་ཚང་རིན་ཆེན་བསོད་ནམས་ལཌ་ལགས། གྲོང་འདུ་བསོད་ནམས་རྡོ་རྗེ་ལགས་བཅས་ནས་ལས་རིམ་གཙོ་སྐྱོང་གནང་རྒྱུ། 

སྐབས་འདིར་བཀའ་འདྲི་ཞུ་ཡུལ
ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས།  སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས། མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།  མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས།  རྩིས་པ་འགན་པོ་ཚང་སྐལ་བཟང་ལགས།  ཟློས་གར་སྤྱི་ཁྱབ་འགན་འཛིན་ཙར་མ་བསྟན་འཛིན་ལགས།  བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས།  དྭང་བླང་དཔྱ་ཁྲལ་དང་གསར་འཕྲིན་དྲ་རྒྱའི་རྒྱུན་ལས་སྐུ་ཚབ་ཚེ་བརྟན་མགོན་པོ་ལགས་བཅས་ཡིན།

ཉིན་འདིར་མི་གྲངས་ ༡༣  ཙམ་ནས་གོ་སྐབས་དམ་འཛིན་གྱིས་ལས་རིམ་ནས་བཀའ་འདྲི་དྭོགས་གཅོད་དང་།  དགོངས་འཆར།  ཞེན་བསྐུལ་སོགས་ཤིན་ཏུ་ཡག་པོ་གནང་སོང།  དོན་གནད་དང་སེམས་ཚབས་གཙོ་བོ་ནི།  དེང་སྐབས་དོལ་རྒྱལ་རྗེས་འབྲང་པས་བྱ་སྤྱོད་ལ་བློ་ཕམ་དང།  ༸རྒྱལ་བ་རིན་པོ་ཆེར་དྲིན་ལན་ལོག་འཇལ་བྱེད་འབབ་ཐད་བྱུང་འདུག  དེ་མིན་གྱི་ལས་དོན་གོང་སྤེལ་འབྱུང་ཐབས་ཐད་ཀྱང་མང་པོ་བྱུང་སོང།  མདོར་བསྡུས་ན།  གོ་སྒྲིག་ཚོགས་ཆུང་ནས་མང་ཚོགས་ལ་བློ་འདོད་ཁེངས་པའི་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད།  མང་ཚོགས་ནས་གནས་ཚུལ་གསན་ཕྱོགས་ཐད་ཡག་སྡུག་ག་རེ་བཤད་ཀྱང་ལག་པ་རྡབ་ཀྱི་འདུག  དངོས་འབྲེལ་ཡིན་ན།  བསམ་འཆར་ཡག་པོ་ཞིག་ལ་རྒྱབ་སྐྱོར་ཚོན་པ་དང་བཅས་ལག་པ་རྡེབ་དགོས་པ་ལས་ཡོད་ཚད་ལ་ག་རེ་ཡིན་ནམ་སྙམས་པའི་འཚོར་བ་རང་བཞིན་གྱི་བྱུང།  མཇུག་ཏུ་ཨིན་ཡུལ་ནས་ཡིན་པའི་བླ་མ་བློ་བཟང་ཞུ་བའི་དགེ་འདུན་པ་ཞིག་ནས་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ལམ་བཟང་སྤྱི་སྨན་དགོངས་འཆར་གནང་བའི་ལས་རིམ་སྡིང་ཆ་འདི་འདྲ་ཞིག་ད་ཕན་ས་ཕྱོགས་གང་དུའང་མིན་འདུག  སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་བཀའ་འདྲི་ཞུ་ཡག་བཀའ་ལན་གནང་རྒྱུ་སོགས་ལ་མངགས་བརྗོད་ཐུགས་རྗེ་ཆེ་ཞེས་ཀྱང་གསུངས།  ཚོུད་  ༡༢/༣༠  ཙམ་ལ་ཐུགས་རྗེ་ཆེ་ཞུ་གསུང་བཤད་དང་འབྲེལ་མཇུག་སྒྲིལ་ཞུས་སོང་།  ཉིན་རྒྱབ་ཚོུད་ ༡༤ ཐོག་རི་ཀོན་སློབ་གྲྭའི་ཚོགས་ཁང་ཆེན་མོར་མི་མང་ ༤༠༠  སྐོར་ནས་མང་གཙོའི་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་སྲུང་བརྩིས་ཞུས་སོང།  སྒོ་སྤེ་ཡོན་ཏན་གྱིས།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།