བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། ཡུ་རོབ་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་གི་གྲུབ་འབྲས།

༢༠༡༥  ཕྱི་ཟླ་  ༡༠  ཚེས་  ༡༨  ཉིན་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོའི་འོས་ཤོག་ཉིན་བརྒྱ་དུས་གཅིག་ཏུ་བཀའ་ཁྱབ་ལྟར་འོས་འདེམས་བྱས་པ་བཞིན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ལས་ཁུངས་ནང་ཕྱི་ཚེས་ ༢༥  རེས་གཟའ་ཉི་མ་ཉིན་རྒྱབ་ཚོུད་ ༡༤  ནས་འོས་བསྡུའི་འགན་འཛིན་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་དང་འོས་བསྡུའི་ཟུར་དཔང་སོགས་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་འོས་ཤོག་གྲངས་བཤེར་གནང་བའི་གྲུབ་འབྲས་གཤམ་གསལ།  ཐེངས་འདིར་འོས་ཤོག་བླུག་མི་ ༢༡༥༨  སུད་སི་རང་ནས་ཡིན་འདུག་ལ།  འོས་རྩིས་མེད་ཕྱིན་པ་ཡང་གང་མཚམས་བྱུང་འདུག  དཔེར་ན་སྲིད་སྐྱོང་འོས་རྩིས་མེད་ཕྱིན་པ་གྲངས་ ༤༥ དང་སྤྱི་འཐུས་འོས་རྩིས་མེད་ཕྱིན་པ་གྲངས་ ༢༤༧  བཅས་བྱུང་འདུག

༡)  ཡུ་རོབ་སུད་སིའི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་འོག་གི་སུད་སི་དང་འཇར་མན། ཨི་ཊ་ལི། ཨོ་སི་ཊོར་ཡ་བཅས་ཀྱི་བོད་མི་ཚོས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་ཡུ་རོབ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བའི་གྲུབ་འབྲས་ནི། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་(༡༦༧༥)དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་(༣༨༡)། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་(༡༦༡)། བཀྲ་ཤིས་དབང་འདུས་ལགས་སུ་འོས་(༥༡)བཅས་ཆགས་འདུག

༢)  ཡུ་རོབ་སྤྱི་འཐུས་སྐོར་ལ། སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་ལགས་སུ་འོས་(༡༤༦༠)དང་། ཟམ་མདོ་བྱམས་པ་ཚེ་རིང་ལགས་སུ་འོས་(༦༦༡)། བཀྲས་མཐོང་དབང་པོ་ལགས་སུ་འོས་(༥༧༥)། ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་(༣༡༩)། གདུག་ཚ་ཚང་འོད་ཟེར་ལགས་སུ་འོས་(༡༢༥)། གངས་གཞོན་ཚང་བློ་བཟང་ལགས་སུ་འོས་(༦༣)བཅས་ཐོབ་འདུག

ཉིན་འདིར་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ས་ཁུལ་ཁག་ཅིག་ནས་འོས་ཤོག་ད་དུང་ཕྱག་སོན་མེད་པར་སོང་།  ཕྱི་ཚེས་  ༣༠  རེས་གཟའ་པ་སངས་དགོང་དྲོ་བསྐྱར་འཛོམས་ཀྱིས་གྲངས་བཤེར་གནང་རྒྱུ་བཅས་ཡིན་འདུག་པའི་གནས་ཚུལ།  སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།