བཙན་བྱོལ་བོད་མིའི་སྲིད་སྤྱིའི་དངོས་གཞིའི་འོས་བསྡུ་ཆེན་མོའི་སྙན་ཐོ།

༄༅།   བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་དག་བཀའ་ཁྱབ་ལྟར་འོས་འདེམས་བྱས་པ་རེད། དེ་ཡང་ཕྱི་ལོ་  ༢༠༡༦  ཟླ་  ༣  ཚེས་  ༢༠  རེས་གཟའ་ཉི་མའི་ཉིན་ཞོགས་པ་ཕྱག་ཚོད་  ༩།༠༠   ནས་ཕྱེད་ཡོལ་ཕྱག་ཚོད་  ༤།༠༠ བར་ཉིན་བརྒྱ་དུས་གཅིག་ཏུ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང།   ཡུ་རོབ་བོད་མི་མང་སྐབས་  ༡༦  པའི་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དེ་དག་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་ཚོགས་ཆུང་ཁག་  ༢༥ ནང་གི་འཐུས་མི་དང།  འོས་བསྡུ་ཚོགས་མི།  གཟུ་དཔང་དང།  ས་གནས་མི་མང་གི་ཚོགས་གཙོ་བགྲེས་གཞོན།  གཞན་ཡང་བལྟ་རྟོག་པ་བཅས་ཁྱབ་ཚད་གང་ཡོང་ཐོག་ནས་ཚང་མས་ཕྱར་གྲུ་མཉམ་འདེགས་དང་སྒྲིག་མཐུན་དྲང་བདེན་ལམ་ནས་ལས་རིམ་བསྐྱང། དེ་ཉིན་ཕྱི་དྲོ་ཕྱག་ཚོད་  ༥།༠༠  ཙམ་ལ་ས་གནས་འཛུ་རིག་བོད་རིགས་མི་མང་ལས་ཁུངས་ནང་སུད་སི་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུད་སི་དང། ལིཀ་ཏེན་སིཊཡན།  འཇར་མན།  ཨི་ཀྲ་ལི།  ཨོས་ཀྲི་རི་ཡ་བཅས་ལ་གནས་སྡོད་བོད་རིགས་མི་མང་གི་འོས་ཤོག་གྲངས་བཤེར་གནང་སྐབས་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དབུ་བཞུགས་ཀྱི་གོང་གསལ་རྒྱལ་ཁབ་དང།  ས་གནས་ཚོགས་ཆུང་ཁག་གི་འོས་བསྡུ་ཚོགས་མི།   གཟུ་དཔང་རྣམ་པ།   མི་མང་ཚོགས་གཙོ་བགྲེས་གཞོན།   གཞན་ཡང་བལྟ་རྟོག་པ་བཅས་ཚང་མ་མཉམ་འཛོམས་ཀྱིས་གོང་གསལ་ཡུ་རོབ་རྒྱལ་ཁབ་ཁག་གི་འོས་ཤོག་ཁག་ཚགས་ཚུད་དྲང་བདེན་ཡིད་གཟབ་ངང་གྲངས་བཤེར་ཞུས་པའི་གྲུབ་འབྲས་གཤམ་གསལ།

སུད་སི་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་གོང་གསལ་རྒྱལ་ཁབ་ལྔའི་ཁྱོན་བསྡོམས་འོས་ཤོག་གྲུབ་འབྲས།

༡།   སྲིད་སྐྱོང་གི་འོས་གྲངས།

སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་འོས་གྲངས།​​ ༡༩༧༩ 
ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས།​ ༡༡༨༡ 

 

༢།    ཡུ་རོབ་སྤྱི་འཐུས་ཀྱི་འོས་གྲངས།

ཐུབ་བསྟན་དབང་ཆེན་ལགས་ལ་འོས་གྲངས།​​ ༢༣༩༤
བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ལ་འོས་གྲངས། ༡༣༠༨
ཟམ་མདོ་བྱམས་པ་ཚེ་རིང་ལགས་ལ་འོས་གྲངས། ༡༣༡༣
ཐུབ་བསྟན་རྒྱ་མཚོ་ལགས་ལ་འོས་གྲངས། ༦༧༥

 

བཅས་ཀྱི་གནས་བསྡུས་སུ་གསར་འགོད་པ།  བསམ་པ་དོན་གྲུབ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།