བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ནས་བོད་ནང་བཙོན་ཁང་དུ་སྡོད་སྐབས་ཀྱི་སྡུག་སྦྱོང་ཇི་བྱུང་སྐོར་གསལ་བཤད་གནང་པ།
དེང་སྐབས་བོད་ནང་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་དང་ ལྷག་པར་བདུན་ཕྲག་སྔོན་ལྷ་སར་ཇོ་ཁང་མདུན་རྡོ་རྗེ་ཚེ་བརྟན་ལགས་དང་དར་རྒྱས་ལགས་གཉིས་དང་ སྐྱེས་མ་རི་ཀྱོ་ལགས་བཅས་རང་ལུས་མེ་མཆོད་འབུལ་བར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ སི་སྤན་ཡུལ་མི་རྣམས་ལ་བོད་ཀྱི་རྩ་དོན་དང་ ཕུན་ཚོགས་ཉི་སྒྲོན་ལགས་རང་ཉིད་བོད་ནང་མི་ལོ་ ༡༥ རིང་བཙོན་ཁང་སྡོད་སྐབས་ཀྱི་སྡུག་སྦྱོང་དང་ཉམས་མྱོང་ཇི་བྱུང་སྐོར་འདི་ག་གཟུགས་མཐོང་རླུང་འཕྲིན་དང་གསར་ཤོག་ཁག་བཅས་ལ་དྲིལ་བསྒྲགས་གང་ལེགས་བྱུང་སོང་བ་དང་འདི་ག་ཕྱི་རྒྱལ་མི་མང་རྣམས་ནས་ཀྱང་བོད་ཀྱི་རྩ་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་པ་མང་པོ་སྟོན་ཐུབ་པ་བྱུང་སོང་། བོད་ཟླ་ ༤ ཚེས་ ༡༥ ཉིན་ཕྱི་ནང་མི་མང་ཁག་བོད་ཁང་དུ་མཉམ་འཛོམས་ཐོག་ས་ཟླའི་མཆོད་འབུལ་ཞུས་པ་མ་ཟད་ཕུན་ཚོགས་ཉི་སྒྲོན་ལགས་ནས་མི་མང་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་པ་དང་བོད་རང་དབང་སླར་གསོ་མགྱོགས་མྱུར་ཡོང་བའི་མཐུན་འགྱུར་རོགས་རམ་གང་ཡོང་དང་ གཞིས་ལུས་བོད་མི་ཚོའི་བསམ་དོན་བཞིན་༧གོང་ས་མཆོག་བོད་ཆོས་ལྡན་གྱི་ཞིང་དུ་ཕྱིར་ཕེབས་གནང་ཐུབ་པའི་རྒྱབ་སྐྱོར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུས་གནང་སོང་བ་བཅས་ སི་སྤན་བོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་བ་ ༦ ཚེས་ ༩ ཉིན་བཟང་པོར།། འདྲ་པར་་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།