བརྟན་བཞུགས་ཀྱི་རྩིས་ཁྲ་མི་མང་ལ་གསལ་བཤད་རྗེས་སུ་ཞུ་ངེས།

ཕྱི་ཚེས་༢༢ ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་ངོས་ནས་རྩ་འཛུགས་གནང་བའི་༧གོང་ས་མཆོག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་མཐའ་མ་དེ་ཛུ་རིག་ནང་ཚོགས་ཡོད་འདུག ཚོགས་འདུའི་ཐོག་བརྟན་བཞུགས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སོགས་གསལ་བཤད་གནང་ཡོད་འདུག

འདི་ག་སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་གསར་འཕྲིན་དྲ་རྒྱའི་འཐུས་མིའི་འབྲེལ་མཐུད་པ་གདུགས་ཚ་ཚང་འོད་ཟེར་ལགས་ཀྱི་གནས་ཚུལ་མཁོ་འདོན་གནང་དོན། ༧གོང་ས་མཆོག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་འདི་བཞིན་སྤྱི་ལོ ༢༠༡༦་ལོར་༧གོང་ས་མཆོག་སུད་སིའི་ནང་གདན་འདྲེན་ཞུ་སྐབས་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་ཐོབ་པར་ཆེད་དུ་དམིགས་ནས་སུད་སི་མི་མང་སྒྲིག་འཛུགས་ངོས་ནས་ཟླ་ཁ་ཤས་སྔོན་ནས་དབུ་འཛུགས་གནང་བ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་འགན་བཞེས་ཡོད་པ་ལྟར། ས་གནས་ཚོགས་ཆུང་སོ་སོའི་མི་མང་རྣམས་ཀྱིས་དང་བླང་ཐོག་ཞལ་བསྡེབས་བསྡུ་འབུལ་གནང་ཡོད་པར་བརྟེན། དེ་རེ་ཚོགས་འདུ་འདིའི་ཐོག་བརྟན་བཞུགས་ཆེད་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་གསལ་བཟོ་གནང་བ་དང་། དངུལ་ལྷག་ག་ཚོད་ཡོད་ཀྱང་སུད་སི་མི་མང་སྒྲིག་འཛུགས་ངོས་ནས་ཉར་ཆོག་གི་མེད་པ་ཡིན་དུས། དངུལ་ལྷག་ག་ཚོད་ཅིག་ལྷག་ཡོད་མེད་དང་། དེ་ཇི་ལྟར་བེད་སྤྱོད་གཏོང་ཕྱོགས་ཐད་༧གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ལ་བཀའ་འདྲི་ཞུས་རྗེས་མི་མང་ལ་གསལ་བཤད་གནང་རྒྱུ་ཐོག་གཅོད་བྱས་ཡོད། ཅེས་སོགས་གསུངས་སོང་།

ད་རེའི་ཚོགས་འདུ་འདིའི་ཐོག་རི་ཁོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། སུད་སི་སྐུ་ཚབ་དོན་དོན་གཅོད་སྐུ་ངོ། དེ་བཞིན་སུད་སི་དང་ལེག་ཏན་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་བོ་དང་ས་འཐུས་རྒྱུན་ལས་རྣམས་པ་བཅས་ཕེབས་ཡོད་འདུག  

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།