བསྟན་འཛིན་ཕུན་ཚོགས་ལགས་སྐུ་གྲོངས་འདུག

ཟླ་འདིའི་ཚེས་ ༡ ཉིན་ཆབ་མདོ་ཀརྨ་ཤང་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་འདས་གྲོངས་སུ་ཕྱིན་ཏེ་སྐུ་ཕུང་དེ་རིང་ ༢༠༡༡།༡༢།༨ ཉིན་ནང་མིར་རྩིས་སྤྲོད་བྱས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགག་དུས་གྲོངས་མིན་དང་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་དང་། འདི་ལོའི་ཕྱི་ཟླ་༣ ད་ལྟའི་བར་བོད་༡༢ ཀྱིས་རང་ལུས་མེར་བསྲེགས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།ཟླ་འདིའི་ཚེས་༡ ཉིན་བོད་ཁམས་ཆབ་མདོ་རྫོང་ཀརྨ་ཤང་གྱིང་ཐང་གྲོང་སྡེ་ནས་ཡིན་པ་བསྟན་འཛིན་ཕུན་ ཚོགས་ཀྱིས་ཀརྨ་ཤང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྨས་སྐྱོན་ཤིན་ཏུ་ཚབས་ཆེན་ཕོག་ཡོད་ནའང་ཉེན་རྟོག་པས་ནང་མིར་ཐུག་འཕྲད་མ་བཅུག་པར་ཁྲིད་ཡོད་དང་། ཟླ་འདིའི་ཚེས་༨ ཉིན་སྐུ་གྲོངས་ཟིན་པའི་ཕུང་པོ་ནང་མིར་རྩིས་སྤྲད་ཡོད་འདུགསྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས་རྒྱ་དམག་གིས་འཛིན་ བཟུང་བྱས་ཏེ་ཆབ་མདོར་དམག་མིའི་སྨན་ཁང་ཞིག་ཏུ་ཁྲིད་ནས་ནང་མི་གཉེན་འབྲེལ་སུ་ ལ་ཡང་འབྲེལ་གཏུགས་བྱེད་བཅུག་གི་མེད་པ་རེད། ཁོང་གིས་རང་ལུས་མེར་སྲེག་མ་བཏང་སྔོན་གྱི་ཉིན་ཤས་ནས་འབྲེལ་ཡོད་ཁག་ལ་དེང་སྐབས་རྒྱ་གཞུང་གིས་ཀརྨ་དགོན་པའི་མཁན་པོ་དང་དགེ་འདུན་པ་རྣམས་འཛིན་བཟུང་བྱས་པ་དང། བོད་མིར་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་འདི་དག་ལ་བཟོད་ཐབས་རྩ་བ་ནས་མེད་སྐོར་བཤད་ཡོད་འདུགབསྟན་འཛིན་ཕུན་ཚོགས་ནི་དེ་སྔོན་ཀརྨ་དགོན་དུ་ཆོས་ཞུགས་བྱེད་མྱོང་ཡོད་པ་ དང་། ད་ལྟ་རང་ལོ་ ༤༦ དང་བཟའ་ཟླའི་མིང་སྒྲོལ་མ། ཕྲུ་གུ་བུ་ ༢ དང་བུ་མོ་ ༡ ཡོད་འདུག ཁོང་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ་སྐབས་སྐད་འབོད་དང། ཡིག་ཆ་ཡང་བཀྲམས་ཡོད་འདུག་ཀྱང་ཞིབ་གསལ་ཤེས་རྟོགས་ཐུབ་མེད་པ་རེད།འདི་ལོའི་ཕྱི་ཟླ་༡༠།༢༦ ཐོ་རངས་ཁར་ཀརྨ་ཤང་དུ་འབར་རྫས་གས་གཏོར་བྱུང་བའི་གནས་ཚུལ་བྱུང་བ་དང། དེ་རྗེས་ཀརྨ་དགོན་དུ་རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་བྱས་ཏེ། འགྲུལ་བསྐྱོད་དང་བརྒྱུད་ལམ་ཡོངས་རྫོགས་བཀག་བསྡོམས་བྱས་ཤིང། རིམ་བཞིན་མཁན་པོ་རྣམ་སྲས་བསོད་ནམས་དང། མཁན་པོ་བློ་གྲོས་རབ་གསལ་གཉིས་ཀ་འཛིན་བཟུང་བྱས་པ་མ་ཟད། གྲྭ་པ་ ༧༠ ཙམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཆ་བགོས་བྱེད་སྟངས་ལྟར། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཤང་ཀརྨ་ དགོན་ཆེན་ནི། ༡༡༨༥ ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གིས་ཕྱག་བཏབ་པ་དང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ཏེ། རིག་གནས་གསར་བརྗེའི་སྐབས་རྒྱ་འཇང་ཧོར་གསུམ་གྱི་ལོ་རྒྱུས་དང་ལྡན་པ་ཡིན་ཟེར་ ནས་ལྷ་ཁང་ཆུང་ཆུང་ཞིག་ལས་གཞན་ཚང་མ་གཏོར་སྐྱོན་བཏང་ཡོད་འདུག༡༩༨༠ ལོའི་ནང་རྒྱ་ཡི་སྲིད་ཇུས་ཅུང་ལྷོད་སྐབས་དགོན་སྡེ་གཞན་དང་གཅིག་མཚུངས་བསྐྱར་ གསོ་བྱས་པ་དང་། ད་ལྟ་གྲྭ་གྲངས་ ༢༠༠ ནས་ ༣༠༠ བར་དང། བཤད་སྒྲུབ་གཉིས་ལྡན། བཤད་གྲྭར་གྲྭ་པ་ ༨༠ ཙམ་ཡོད་འདུག །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།