བོད་གཞུང་སྲི་ཞུ་བ་ལྷ་མི་ཟུང་གིས་བརྟན་བཞུགས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་སྩལ་བའི་བཀའ་ལུང་།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ ཉིན་གཞུང་ཞབས་ལྷ་མི་ཟུང་འབྲེལ་གྱི་བརྟན་བཞུགས་བསྟར་འབུལ་སྐབས་༸གོང་ས་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོས་རིན་ཆེན་ཤེལ་ཕྲེང་ལས་གྲུབ་པའི་ཕྲེང་རྡོག་ ༡༡༣ ཅན་ཞིག་བརྟན་བཞུགས་སུ་འདེགས་འབུལ་དང་གསོལ་འདེབས་བཀའ་ལུང་ཕེབས་དོན།
ཧྲཱིཿ བདེ་ཆེན་ཆོས་སྐུའི་གཞལ་ཡས་ནང་ཚན་ནས། །དཔལ་ལྡན་གྲུ་འཛིན་རི་བོའི་སྤྱན་རས་གཟིགས།།སྙིང་གའི་པད་མོ་དཀར་པོའི་འོད་སྣང་དང། །མང་བཀུར་སྤྱི་འདུད་གཙུག་ནོར་དོན་ལྡན་མཆོག།འཇའ་ཡིག་གིས་གྲུབ་རིན་ཆེན་ཤེལ་ཕྲེང་འདི། །ལེགས་པའི་མེ་ཏོག་སྩོལ་ཕྱིར་ལེགས་ཕུལ་ན།།མགོན་ཁྱོད་བསྟན་འགྲོའི་དོན་ལས་མཛད་པ་གཞན། །གུད་ན་མེད་ཕྱིར་སྙིགས་དུས་འགྲོ་བ་རྣམས།།ཕན་བདེར་བཀྲི་བའི་སླད་དུ་མཚན་དཔེའི་སྐུ།། །འགྱུར་མེད་རྡོ་རྗེ་ལྟ་བུར་བརྟན་དུ་གསོལ། །
ཡང་དེ་ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ཁྲི་མཆོག་ལ་བཀའ་ལུང་སྩལ་དོན།
ཧྲཱིཿ ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་ཡོད་ནའང་དེ་ནི་གཙོ་བོ་བོད་འབངས་མཆོག་དམན་ཀུན་གྱི་བྱེད་ལས་ལ་རག་ལུས་ཤིང་དོན་དེ་ནི་མང་ཚོགས་ལ་གསལ་བཤད་ཡག་པོ་བགྱིས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།