བོད་དོན་བགྲོ་གླེང་།
༄༅།།འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽ གི་སྐོར་སྐྱོད་ལས་འཆར་ཐོག་མ་དེ་ས་གནས་ཨར་གྷའོ་ཚོགས་ཆུང་དུ་བསྐོང་འཚོགས་གནང་བ།
༄༅།།འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽ གི་སྐོར་སྐྱོད་ལས་འཆར་ཐོག་མ་དེ་ས་གནས་ཨར་གྷའོ་ཚོགས་ཆུང་དུ་བསྐོང་འཚོགས་གནང་བ།སུད་སི་དང་ལེཀ་ཏན་སི་ཊཡན་ས་གནས་འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽གི་སྐོར་སྐྱོད་ལས་འཆར་ཐོག་མ་འདི་བཞིན་ཟླ་འདིའི་ཚེས་༢༧ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་དུ་འཐུས་མི་བསྟན་འཛིན་སྙིང་པོ་ལགས་དང་།བསོད་ནམས་སེ་བོ་ལགས།བརྡ་སྐྱེལ་དགེ་ལེགས་ལགས་བཅས་ཀྱི་བཀོད་སྒྲིག་འོག་སྐབས་བབ་བོད་དོན་བགྲོ་གླེང་བ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་ས་གནས་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་རྣམ་པ་གཉིས་ཀྱིས་དངོས་སུ་བགྲོ་གླེང་དབུ་འཛུགས་གནང་།བློ་བཟང་ཉི་མ་ལགས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་མཚོན་པའི་བོད་བཙན་པོའི་ རྒྱལ་རབས་ཀྱི་སྟོབས་འབྱོར་དང་། དེའི་དར་རྒུད་ཀྱི་རྒྱུ་རྐྱེན།བོད་ཀྱི་རིག་གཞུང་གི་ཐུན་མིན་ཁྱད་ཆོས།དེ་བཞིན་དེང་གི་གཞོན་སྐྱེས་ཚོས་སོ་སོའི་ཡབ་མེས་ཀྱི་མཛད་རྗེས་ལས་གདེང་སྤོབས་བསྐྱེད་དེ་མི་རེའི་ངོ་རེའི་ཐོག་བོད་དོན་ཆབ་སྲིད་ཀྱི་ལས་འགན་བསྒྲུབ་པའི་གཞེན་སྐུལ་དང་བཅས་མཐོང་ཆོས་སུ་ཡོད་པའི་དངོས་ཡོད་དཔེ་དོན་སྦྱར་ནས་བགྲོ་གླེང་ལྷུག་པོར་གནང་།དེ་བཞིན་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་༡༩༥༩ལོར་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་རྣམ་པ་དང་།གཞུང་ཞབས་སེར་སྐྱ་མང་ཚོགས་རྒྱ་གར་དུ་ཕེབས་དགོས་པའི་རྒྱུ་རྐྱེན་དང་།རྒྱ་དམར་གཞུང་གིས་བོད་ལྗོངས་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་རྒྱ་ཁོངས་སུ་འཇུག་རྒྱུའི་བྱུས་ངན་ལག་བསྟར་ཇི་བྱས།དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་དང་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་དུ་ཤར་བསྐྱོད་ཐོག་བོད་བསྟན་སྲིད་མི་རིགས་སླད་དུ་མཛད་རྗེས་རླབས་ཆེན་བསྐྱངས་བའི་མཛད་རྗེས་དང་སྦྲགས་གཞོན་སྐྱེས་ཚོས་ཡུལ་དུས་གནས་སྟངས་ལ་གཞིགས་ནས་ལས་དོན་གནང་ཕྱོགས་ཀྱི་སྐོར་ལྷུག་པོ་སེམས་ཚོར་དྲག་པོས་གསུངས།མི་མང་ནས་དེ་འབྲེལ་དྲི་བ་དྲིས་ལན་གྱི་ཐོག་ནས་བགྲོ་གླེང་འཁྲུགས་པོ་གནང་།ཐེངས་འདིའི་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ས་གནས་ཨར་གྷའོ་ཚོགས་ཆུང་གི་ཚོགས་མི་༡༢༠ལྷག་མཉམ་ཞུགས་ཐོག་སྐབས་བབ་བོད་དོན་བགྲོ་གླེང་འདི་ཉིད་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་།
ས་གནས་ཨར་གྷའོ་ཚོགས་ཆུང་གི་འཐུས་མི་བསྟན་འཛིན་སྙིང་པོས། ཕྱི་ལོ་༢༠༡༤ལོ འི ་ཟླ ་༩ ཚེས་༢༧ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།