བོད་མི་སྒྲིག་འཛུགས་ནས་སུད་སིར་དཔྱ་དངུལ་ལག་དེབ་ཀྱི་གསར་བཟོ་སོགས་ཀྱི་ལས་འགུལ་ལེགས་སྒྲུབ་བྱུང་སོང།

བོད་མི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་དངུལ་ལག་དེབ་ཚན་པའི་འགན་འཛིན་པདྨ་བདེ་ཆེན་ལགས་ཀྱི་སྣེ་འཁྲིད་འོག་ལས་བྱེད་བཟོད་པ་རྒྱ་མཚོ་ལགས་དང་ ཆོས་སྐྱིད་ལགས་བཅས་ཕྱི་ལོ་༢༠༢༤ཟླ་བ་༡པོའི་ཚེས་༢ཉིན་དགོང་དྲོ་ཨོ་སེ་ཏེ་རི་ཡ་ནས་མེ་འཁོར་བརྒྱུད་སུད་སིར་ཆེད་ཕེབས་ཀྱིས་ཚེས༣ཉིན་ནས་དོན་གཅོད་ལསཁུངས་ཀྱི་གཟུང་དྲུང་བསྟན་འཛིན་ཆོས་བཟང་ལགས་ཀྱི་ཕྱགས་རོགས་འོག་ཚེས་༢༧བར་ཉིན་༢༤རིང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཁྱབ་ཁོངས་ས་གནས་ཚོགས་ཆུང་ཁག་གི་ནང་ནས་ལས་འཆར་སྔོན་སྒྲིག་གཞིར་བཟུང་ཚེས༣ཉིན་རྫུ་རིགས་བོད་རིགས་མི་མང་ལས་ཁུངས་ནས་འགོ་འཛུགས་ཀྱིས་རྫུ་རིག་ཚོགས་ཆུང་གཙོས་ཚོགས་ཆུང་ཁག་གཅིག་ལ་བོད་རིགས་མི་མང་ལས་ཁུངས་དང་  ཚོགས་ཆུང་ཆེ་བ་ཁག་གཅིག་གི་འཐུས་མིས་སོ་སོའི་ས་གནས་སུ་གདན་ཞུ་གནང་སྟེ་ལས་བྱེད་ཁོང་རྣམས་ནས་སྐུ་ངལ་འཛེམས་མེད་ཀྱི་མང་ཆེ་བ་ཞོག་པ་ཆུ་ཚོད་༨།༣༠ཙམ་ནས་འགོ་གཙུགས་ཀྱི་དགོང་དྲོ་ཚོུད་༡༠ཙམ་ལ་མ་ཏོག་ལས་མཚམས་བཞག་མ་ཐུབ་པ་དང་ སྐབས་རེ་དགོང་དྲོ་ས་གནས་གཞན་ལ་ཐོན་དགོས་སྟབས་མཚན་གྱི་ཆུ་ཚོད་༡༡ཙམ་ལ་མགྲོན་ཁང་དུ་གཞི་ནས་འབྱོར་བ་སོགས་ཁོང་རྣམ་པས་ཧ་ལས་པའི་སྐུ་ལས་མང་པོ་སྐྱོན་ནས་ས་གནས་ཀྱི་བོད་མི་མང་པོར་ལོ་མང་དཔྱ་དེབ་གསར་བཟོ་དང་ མིང་བསྒྱུར་སོགས་མ་ཐུབ་པའི་དཀའ་ངལ་སེལ་ནས་ཕན་ཐོག་ཧ་ཅང་གི་ཆེན་པོ་བྱུང་སོང་བ་མ་ཟད་ཐོ་བཀོད་ཟིན་པའི་མི་མང་བརྒྱ་ཆ་དགུ་ཅུ་ལྷག་གི་འདོད་པ་ཁེང་བ་བྱུང་ཡོད་ རེ་བཟུང་ལ་དགོས་ངེས་ཀྱིས་ཡིག་ཆའམ་འགེངས་ཤོག་བསྐང་བ་ལྟར་ཡིན་མིན་ཐག་མ་ཆོད་པ་ཁ་ཤས་བྱུང་བ་རྣམས་འབྲེལ་ཡོད་ནས་རྗེས་འཐུད་གནང་རྒྱུ་རེད་འདུག་ སུད་སི་ནང་ཐོ་བཀོད་གནང་བ་ལས་དཔྱ་དེབ་བཟོ་མཁན་ཧ་ཅང་གི་མང་བ་བྱུང་སྟབས་དཔྱ་དེབ་༢༠༠མ་ཟིན་ཙམ་རྒྱ་གར་ལ་བཟོ་ཡས་ལ་བསྣམས་དགོས་པ་བྱུང་ཡོད་ ཁོང་རྣམ་པ་འདིར་ཕེབས་ནས་དཔྱ་དེབ་༡༨༡༢དངོས་སུ་བཟོས་ཟིན་ནས་མི་མང་ལ་ས་གནས་འཐུས་མི་བརྒྱུད་ནས་བཀྲམ་ཐུབ་པ་བྱུང་ཡོད།

སུད་སིར་ནམ་རྒྱུན་ནས་མི་མང་བརྒྱ་ཆ་༧༠་ཙམ་ནས་དཔྱ་དངུལ་ལག་དེབ་དང་ ཡང་ན་བྱུང་འཛིན་ཐོག་ནས་དཔྱ་དངུལ་གནང་བཞིན་ཡོད་ཀྱང་སོ་སོའི་ཡིག་ཆ་དང་དེ་སྔོན་གྱི་དཔྱ་དེབ་གཉིས་མིང་དང་སྐྱེ་ཚེས་སོགས་གཅིག་པ་མ་བསྡད་པའི་དཀའ་ངལ་ལ་བརྟེན་ནས་ད་བར་དཔྱ་དེབ་བཟོ་མ་ཐུབ་པར་ལྷག་པ་ཞིག་ཡིན་འདུག་ དཔལ་ལྡན་བཀའ་ཤག་སྐབས་༡༦པའི་དགོངས་པ་ཆེ་བཞེས་ཀྱིས་དཔྱ་དངུལ་ལག་དེབ་གསར་བཟོ་སོགས་ལ་གུ་ཡང་ཀྱི་འཐུན་འགྱུར་གནང་བ་ལ་བརྟེན་ནས་སུད་སིར་གནས་བཞུགས་བོད་མི་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཧ་ཅང་གི་ཕན་ཐོག་ཆེན་པོ་བྱུང་བ་སོང་བ་མ་ཟད་དཔལ་འབྱོར་ལས་ཁུང་ཀྱི་ལས་བྱེད་པདྨ་བདེ་ཆེན་ལགས་དང་ བཟོད་པ་རྒྱ་མཚོ་ལགས་ ཆོས་སྐྱིད་ལགས་ དོན་གཅོད་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་བཅས་ཀྱི་སྐུ་ངལ་ལ་མ་འཛེམས་པར་ཧ་ལས་པའི་ཕྱག་ལས་ཡག་པོ་གནང་བར་ས་གནས་མི་མང་གི་ཚབ་ཞུས་ནས་སྙིང་ཐག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ དེ་བཞིན་བོད་རིགས་མི་མང་ཚོགས་གཙོ་གཙོས་པའི་འཐུས་མི་ཚོས་འགན་འཁུར་ཆེ་བཞེས་ཀྱིས་སོ་སོའི་དུས་ཚོད་བཏང་ནས་འབྲེལ་ཡོད་གེངས་ཤོག་བསྡུ་རུབ་དང་ དེ་བཞིན་ལས་བྱེད་རྣམས་ལ་ས་གནས་སུ་གང་ཐུབ་ཀྱི་སྣེ་ལེན་དང་ འཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་དང་བླངས་དཔྱ་ཁྲལ་འགན་འཛིན་ནས་ ཕྱི་ལོ་༢༠༢༤ཟླ་བ་༢པའི་ཚེས་༢༩ཉིན།

 

ཚེས་གྲངས།

ས་གནས་ཚོགས་ཆུང།

བཟོ་སའི་ས་གནས།

དཔྱ་དེབ་གྲངས།

03.01.2024

Aagau/St Gallen/Flawil

རྫུ་རིགས་མི་མང་ལས་ཁུངས།

109

04-05.01.24

Basel

སྦ་སལ་ཚོགས་ཆུང།

96

06.01.24

Rikon

རེ་ཀོན་སྤྱི་ཁང།

114

07-09.01.24

Horgen/Wadenswil/Zug/
Ruti/Rapperswil/Schafhausen

ཧོར་གྷན་བོད་ཁང།

198

09-11.01.24

Zürich/Glarus/Volketswil

རྫུ་རིགས་མི་མང་ལས་ཁུངས།

252

12-13.01.24

Luzern

ལུ་རྫན་ཚོགས་ཆུང།

140

14-15.01.24

Munchwil

མུན་ཁུ་ཝི་ལན།

99

15..01.24

Aagau Land quart Zürich

རྫུ་རིགས་མི་མང་ལས་ཁུངས།

77

16-19.01.24

Bern

སྦན་ཚོགས་ཆུང།

200

20.01.24

Solothurn

སོ་ལོ་ཐུན་ཚིགས་ཆུང།

60

21-23.01.24

Bern

སྦན་ཚོགས་ཆུང།

174

24.01.24

Lausanne

ལོ་ཟན་ཚོགས་ཆུང།

51

25-27.01.24

Geneva

ཇི་ནི་ཝ་དོན་གཅོད་ལས་ཁུངས།

69

22-23.12.2023

Swiss Mixed Bern
སྦྱར་མན་དུ་བཟོས་པ་

Germany

173

 

Total

བཟོས་ཟིན་པ།

1812

29.01.2024

དཔྱ་དེབ་རྒྱ་གར་ལ་བཟོ་ཡས་བསྣམས་པ་

 

1988

 

ཁྱོན་བསྡོམས་དཔྱ་དེབ་གྲངས་

༢༠༠༠

2000

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 3 སྡོམས་རོགས།