བོད་ལྗོངས་མང་གཙོའི་དུས་དྲན་ཐེངས་༥༢པ་བསྲུངས་བརྩི་ཞུས་པ།
སུད་སིར་གཞན་དབང་སྟབས་བསྟུན་གྱི་དབང་གི་ཕྱི་ཟླ་ ༩ ཚེས་ ༨ ཉིན་གོ་བསྒྲིགས་ཞུས་སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག མཁན་རིན་པོ་ཆེ་ཐུབས་བསྟན་ལེགས་སྨོན་མཆོག དེ་བཞིན་མི་མང་ཚོགས་གཙོ་དང་ཚོགས་གཞོན་གཙོས་ས་གནས་ཀྱི་མི་འཐུས་རྣམས་དང་ཕྱི་ནང་མི་མང་གྲངས་ ༣༠༠ ལྷག་སྐོར་ཕེབས་ཡོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་བཅས་སྒྲོགས་སྦྱང་གནང་། མང་ཚོགས་ནས་རང་དབང་ཐོགས་སྤྱི་སྨན་དགོང་འཆར་གྱི་ལས་རིམ་ནང་མི་གྲངས་ ༨ ནས་ཆ་ཤས་བླངས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ལྗགས་ཀློག་གནང་པ་སོགས་གྲ་སྒྲིག་ལེགས་གྲུབ་བྱུང་སོང་པའི་གནས་ཚུལ་སྙིང་བསྡུས་ཞུ། འདྲ་པར་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།