བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་ཐེངས་གསུམ་པའི་ཕྱོགས་བསྐྱོད་ལེགས་གྲུབས་བྱུང་བ།
བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་ཐེངས་གསུམ་པའི་ཕྱོགས་བསྐྱོད་ལེགས་གྲུབས་བྱུང་བ།
དེ་ཡང་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༠༨ ཚེས་ ༣༡ ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་ཡིག་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེས་བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་མཚན་ཐོག་ནས་ས་གནས་ཧྥོ་ཀེས་ཝིལ་ Volketswil ལ་སོང་ནས་ས་གནས་བོད་སློབ་ཀྱི་གནས་སྟངས་དང་མ་འོངས་ལས་དོན་སོགས་ཀྱི་ཐད་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཡོད་པ་དང་། བགྲོ་གླེང་སྐབས་ས་གནས་བོད་སློབ་ཀྱི་འགན་འཛིན་དང་དགེ་རྒན་གཉིས་དང་དགེ་ཟུར་དེ་བཞིན་སློབ་ཕྲུག་བཅས་མཉམ་བཞུགས་གནང་ཡོད།
བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་ས་འཐུས་ཀླུ་རྒྱལ་དོན་འགྲུབ་དང་། བོད་སློབ་རྒྱུན་ལས་བསྟན་འཛིན་ཟླ་སྒྲོན་གཉིས་ལས་དོན་འགས་རྐྱེན་པས་དགོངས་ཞུ་དང་འབྲེལ་དེ་རིང་མཉམ་བཞུགས་གནང་ཐུབ་མེད།
འཆི་མེད་རྡོ་རྗེས་ས་གནས་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།