བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་སྐོར་བསྐྱོད་ཐེངས་གཉིས་པ།

སྐབས་བཅུ་དྲུག་པའི་འཐུས་ཚོགས་ཀྱིས་སུད་སི་ཁུལ་གྱི་བོད་རིགས་གནས་སྡོད་བྱེད་བཞིན་པའི་མངའ་སྡེ་ཁག་གི་གཟའ་མཇུག་གི་བོད་ཡིག་སློབ་གྲྭའི་གནས་ཚད་ཡར་རྒྱས་གཏོང་སླད་ཆེད་བཙུགས་གནང་བའི་ཉམས་ཞིབ་སྡེ་ཚན་གྱིས་ཟླ་འདིའི་ཚེས་17་ཉིན་ས་གནས་ཝེ་ལྡནསེ་ཝིལ་བོད་ཡིག་སློབ་གྲྭ་ནས་ཐེངས་གཉིས་པའི་སྐོར་བསྐྱོད་གྲུབ་པ།

གཟའ་ཉི་མའི་ཉིན་ས་གནས་བོད་སློབ་འགན་འཛིན་གཙོས་དགེ་རྒན་རྣམ་པ་དང་འབྲེལ་ཡོད་མི་སྣ་ཁག་ཅིག་དང་།ཕ་མ།སློབ་ཕྲུག་སོགས་ལྷན་འཛོམས་ཀྱིས་སློབ་གྲྭའི་ཕྱོགས་ཡོངས་ལ་བགྲོ་གླེང་གནང་ཡོད་པ་དང་།དམིགས་བསལ་གྱི་སློབ་ཕྲུག་ཚོར་བོད་ཡིག་སྦྱོང་བར་དཀའ་ངལ་ཅི་རིགས་འཕྲད་ཀྱིན་པའི་ཐད་ལ་དྲི་བ་དྲིས་ལན་ལྷུག་པོར་གནང་།

བོད་སློབ་ཉམས་ཞིབ་ཚོགས་ཆུང་ནི་སུད་སའི་སྐབས་བཅུ་དྲུག་པའི་འཐུས་ཚོགས་ནས་སུད་སིར་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་ཕྱི་རབས་པ་རྣམས་ལ་བོད་ཡིག་གི་གནས་ཚད་མཐོར་འདེགས་བྱ་བར་ཁོར་ཡུག་ཅི་ལྟ་བུ་ཞིག་བསྐྲུན་དགོས་པའི་ཐད་ས་གནས་སོ་སོར་དངོས་བཅར་གྱིས་དཀའ་ཁག་ཅི་ཡོད་ཞིབ་འཇུག་བྱེད་ནས་བོད་སྐད་ཡིག་གི་གནས་ཚད་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུའི་ལས་འཆར་ཞིག་ཡིན་འདུག་ལ།ལས་འཆར་དེའི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་སློབ་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེ་དང་།ས་གནས་འཐུས་ཚོགས་ཀྱི་དམིགས་གསལ་སྐུ་ཚབ་འཛུ་རིའི་འཐུས་མི་ཀླུ་རྒྱལ་དོན་འགྲུབ་ལགས།བོད་སློབ་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ས་གནས་གྷེ་ལཱ་རུའུ་སིའི་བོད་སློབ་འགན་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་བཅས་ཡོད་འདུག།

དེའི་ཉིན་ས་གནས་འཐུས་མི་སྒེར་གྱི་ཉིན་གུང་གི་ཞལ་ལག་ཞུས་ཡོད་པ་དང་།ས་གནས་བོད་ཡིག་སློབ་གྲྭའི་འགན་འཛིན་དང་འབྲེལ་ཡོད་ཚོས་ཀྱང་ཞོགས་ཟས་དང་སྣེ་ལེན་ཟབ་རྒྱས་གནང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཅས་བོད་སློབ་སྤྱི་ཁྱབ་འགན་འཛིན་སྟག་ལྗོངས་འཆི་མེད་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སྡོམས་རོགས།