མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གསུམ་པའི་ཉིན་གསུམ་པ།

དེ་རིང་རེས་གཟའ་སྤེན་པ་ཚེས་ ༧ ཉིན་གསུམ་པར་ཚོགས་ཞུགས་མི་གྲངས་ ༣༠༠ བརྒལ་པ་ཕེབས་ཡོད་འདུག  ཞོགས་པ་ཆུ་ཚོད་ ༨་་༣༠  ནས་ཕྱི་དྲོ་ཕྱག་ཚོད་ ༡༦/༣༠ ཙམ་ལ་ཉིན་གསུམ་པའི་མ་ཧྰ་གུ་རུའི་ཚོགས་འབུམ་མཇུག་བསྒྲིལ་གནང་ནས་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྙིང་པོ་བསྟན་འཇིན་མཆོག་ནས་ད་རེས་ཀྱི་དབུ་བླ་ས་སྐྱའི་མཁན་པོ་གྲགས་པ་འོད་ཟེར་རིན་པོ་ཆེ་མཆོག་ལ་མ་ཧྰ་གུ་རུའི་ཚོགས་འབུམ་ཚོགས་ཐེངས་གསུམ་པའི་དབུ་བླ་ཚོགས་མགོན་དུ་ཞབས་སོར་འཁོད་པར་མི་མང་གི་ངོས་ནས་ཐུགས་རྗེ་ཆེ་ཞུས།

བར་མཚམས་སུ་སུད་སི་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ཉིན་གསུམ་རིང་ཆ་ཚང་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོར་འཚོག་བཞུགས་གནང་ཐུབ་པ་དང་།  ད་རེས་སྐབས་གསུམ་པའི་མི་མང་གིས་གོ་སྒྲིག་གནང་བའི་མ་ཧྰ་གུ་རུའི་ཚོགས་འབུམ་ཆེན་མོ་འདི་བཞིན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་ཞབས་པད་བརྟན་པ་དང་།  བོད་དོན་བདེན་མཐའ་མྱུར་དུ་གསལ་བ།  ལྷག་པར་བོད་ཀྱི་རྩ་དོན་ཆེད་རང་ལུས་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱང་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་བཅས་ཧ་ཅང་གནད་དུ་འཁེལ་བ་བྱུང་སོང་ཅེས་དང་།  མུ་མཐུད་ལོ་གཞོན་པ་རྣམས་ནས་ཐུགས་སྣང་དང་ཆབས་ཅིག   བརྒྱུན་མཐུད་མཇུག་སྐྱོང་ཡར་རྒྱས་འབྱུང་ཐབས་དགོས་པ་བཅས་ཀྱི་བཀའ་སློབ་གཟབ་རྒྱས་གནང་།དེ་རྗེས་མི་སྒེར་དང་ཚོགས་སྐྱིད་ཁག་ལ་ཕྱག་འཁྱེར་གནང་དགོས་རིགས་རིན་པོ་ཆེ་མཆོག་ནས་གནང་རྗེས་ལས་མི་ཕྱག་རོགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་མཇལ་དར་ཕྱག་རྟགས་གསོལ་སྩལ་གནང་།

མཐར་མི་མང་ཡོངས་ལ་རིན་པོ་ཆེ་མཆོག་ནས་བྱིན་འབེབས་མཇལ་ཁ་གནང་པ་བཅས་དགོང་དྲོ་ཕྱག་ཚོད་ ༡༨  ཙམ་མཇད་རིམ་གྲུབ་པའི་གནས་བསྡུས་སུ།བསམ་པ་དོན་གྲུབ་ནས། 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།