མི་མང་སྟོང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བྱུང་བ།

༄༅།། ཟླ་བ་ ༤ ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇི་ལྟར་ནམ་མཁའ་རིན་པོ་ཆེ་མཆོག་དང།  སྔ་འགྱུར་རྙིང་མ་པ་འཛམ་གླིང་རྒྱལ་ཡོངས་འདུས་སྡེ།  བོད་ཀྱི་རིག་གཞུང་གཅེས་ཉར། (FPC-Tibet ) དགེ་ལུགས་ཆོས་ཚོགས་དགེ་འདུན་གྲུབ་པ་བཅས་ཀྱི་མཛད་གཙོ་རྣམ་པ་ལྷྱས་ནས་གསོལ་འདེབས་ཞུས་པ་བཞིན་སུད་སི་གྲོང་ཁྱེར་ཕརི་བྷུག་ཞེས་པར་བོད་མི་དང་ཕྱི་རྒྱལ་བ་བཅས་མི་མང་སྟོང་ཁ་ཤས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་དང་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་ཡོད། ཕྱི་ཚེས་ ༡༤ ཕྱི་ཡོལ་ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་བ་དང་དེ་རྗེས་བོད་མི་ཡོངས་ལ་དམིགས་བསལ་གྱི་བཀའ་སློབ་བཀྲིན་མ་བསྩལ་གོང་མི་མང་ཟློས་གར་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཡོང་ནས་གསུང་གཞས་བཅས་ཕུལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སུད་སིར་དང་པོ་ཐོག་མར་བོད་མི་ཆིག་སྟོང་སྐྱབས་གཅོལ་དུ་ལེན་ཚུལ་སྐོར་དང་ཆབས་སྲིད་ཀྱི་འགན་འཁུར་མི་མང་གི་འོས་འདེམས་གནང་བས་སྲིད་སྐྱོངས་ལ་གནང་ཚུལ་ དམིགས་བསལ་གྱི་དབུ་མའི་ལམ་གྱི་སྐོར་ དེ་བཞིན་ནང་ཆོས་དེ་བོད་མིའི་སྲོོག་རྩ་ཡིན་པས་བོད་པ་ཚོ་དང་ལྷག་པར་དུ་བོད་མི་གཞོན་སྐྱེད་ཚོས་བདག་ཉར་དགོས་པ་དང་བྱ་ཐུབ་པས་ཆེད་བོད་ཡིག་དང་བོད་སྐད་ལ་དོ་སྣང་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེ་ཡིན་པའི་སྐོར་གྱི་བཀའ་སློབ་ནན་གཏན་ཕེབས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་བཀྲིན་རྗེས་དཔལ་ལྡན་སྲིད་སྐྱོངས་མཆོག་ནས་མང་ཚོགས་ལ་བཀའ་སློབ་གནང་།སྲིད་སྐྱོངས་མཆོག་ནས་སྐབས་བཅུ་བཞི་པའི་བཀའ་ཤག་ནས་ད་བར་ལོ་ངོ་གཅིག་དང་ཕྱེད་རིང་ལས་དོན་བྱ་ཕྱོགས་སྐོར་དང་བསྒྲུབས་འབྲས་སྐོར་མང་ཚོགས་ལ་གསལ་བཤད་གནང་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༧ ཉིན་རི་ཀོན་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་གནང་གི་ཡོད་པ་རེད། ཚོགས་ཁང་བསྟན་བློ།

འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།