ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།
ཟླ་འདིའི་ཚེས་༡༦ ཉིན་སུད་སི་རུ་ཡོད་པའི་རི་ཀོན་ཆོས་འཁོར་དགོན་དུ་ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་དམ་པ་དེ་ཉིད་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་འཚོགས།
ཟླ་འདིའི་ཚེས་༡༦ཉིན་རི་ཀོན་ཆོས་འཁོར་དགོན་དུ་ས་གནས་མི་མང་མཉམ་འཛོམས་ཐོག་ཨེམ་ཆི་བསྟན་འཛིན་ནོར་བུ་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བར་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་། ཨེམ་ཆི་བསྟན་འཛིན་ནོར་བུ་ལགས་ནི་སྤྱི་ལོ་༡༩༦༡
ལོར་བོད་པའི་ཕྲུ་གུ་ཁག་ཅིག་སུད་སི་འབྱོར་བ་དེའི་གྲས་ཀྱི་གཅིག་ཡིན་པ་དང་ཁོང་ནི་བོད་ཀྱི་རྩ་དོན་ཆེད་སྔ་རྗེས་བར་གསུམ་དུ་སྐུ་ངལ་ཚད་མེད་སྐྱོན་མཁན་གྱི་གྲས་ཀྱི་གཅིག་ཡིན། ཁོང་རང་དགུང་ལོ་གཞོན་དུས་ཡོ་རོབ་གཞོན་ནུ་ཚོགས་པའི་ལས་འགུལ་སོགས་ཀྱི་ནང་དུ་ཆ་ཤས་གང་མང་བླངས་ཡོད་པ་དང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཞོན་ཡང་གནང་མྱོང་།
༡༩༩༥ལོ་ནས་༡༩༩༨བར་ལོ་གསུམ་གྱི་རིང་སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་རུ་བདམས་ནས་ཕྱག་ལས་རླབས་ཆེན་གང་མང་གནང་ཡོད། ཁོང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཡིན་པའི་དུས་སྐབས་སུ་ངལ་བ་ཁྱད་བསད་ཀྱིས་སྐུ་ངལ་སྐྱོན་པ་ལ་བརྟེན་ས་གནས་གྲོས་ཚོགས་དང་དེའི་ཁྲིམས་དང་སྒྲིག་གཞི་སོགས་ལག་ལེན་བྱེད་ཕྱོགས་ཐད་བྱས་རྗེས་བླ་མེད་བཞག་ཡོད།
ད་ལྟའི་བོད་རིགས་ཚོགས་པའི་ཡིག་ཚང་འདི་ཡང་༡༩༩༧ལོར་ཁོང་ཚོགས་གཙོ་ཡིན་པའི་སྐབས་སུ་བཙུགས་པ་ཞིག་ཡིན། དེ་མིན་ལོ་དེ་ག་རང་ལ་ཆེས་གཞི་རྒྱ་ཆེ་བའི་རིག་གཞུང་དུས་སྟོན་ཞིག་ཀྱང་འཚོགས་ཡོད།
དེ་མིན་ལོ་ལྟར་སྲུང་བརྩི་གནང་བཞིན་པའི་སུམ་བཅུའི་དུས་དྲན་དེ་ཡང་ས་གནས་ཙམ་མ་ཡིན་པར་ཡོ་རོབ་ཁྱོན་ཡོངས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་དང་མཉམ་གཅིག་ཏུ་བྷེལ་ལྗམ་གྱི་རྒྱལ་ས་བྷུའུ་སལ་Brusselsདུ་མི་མང་ལྔ་སྟོང་ལྷག་འདུ་འཛོམས་ཀྱི་སྲུང་བརྩི་གནང་ཐུབ་པ་བྱུང་ཡོད།
སྤྱི་ལོ་༡༩༩༨ལོར་རི་ཀོན་ཆོས་འཁོར་དགོན་དབུ་བརྙེས་ནས་ལོ་འཁོར་སུམ་ཅུ་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུ་སྐབས་དོལ་རྒྱལ་ཚོགས་པས་ལས་འགུལ་སྣ་མང་སྤེལ་བཞིན་པའི་སྐབས་དང་འཁེལ་ཡོད་པས་བདེ་འཇགས་དང་དོལ་རྒྱལ་ཚོགས་པས་འཁྱོག་བརྗོད་བྱས་པ་དག་ལ་གསར་འགྱུར་དག་གདོང་ལེན་ཚ་ནན་བྱས་ཡོད།
ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་དམ་པ་ལགས་ཀྱིས་སྐུ་ཚེ་གང་བོར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་སོགས་ལས་དོན་འདྲ་མིན་ཐད་ཕྱག་ལས་རླབས་ཆེན་གནང་མྱོང་མཁན་ཞིག་ཡིན་འདུག
ཡུམ་སྐྱབས།
མཆན་བུ། (༡)
འབྲི་མཁན། བསྟན་འཛིན་བློ་གསལྲ |
ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་དམ་པ་དེ་ཉིད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ལས་སྣེ་འདྲ་མིན་འགན་འཁུར་བཞེས་ནས་ཞབས་ཞུ་གང་ཐུབ་གནང་བར་དམ་པ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་འོག་ཏུ་སྐྱེས་བས་སྨོན་ལམ་ཞུ། ཨོཾ་མ་ཎི་པདྨེ་ཧཱུྃ།