ཚེས་འདས་སྐུ་ཞབས་རྗ་ཁེ་སི་ཁོན་མཆོག་གི་ཆེད་བསྔོ་སྨོན་མཆོད་འབུལ།

འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་བརྗོད་དོན། ཕྱི་ཚེས་༢༩ ཉིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ངོས་ནས། རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། དམ་པ་ཁོང་གི་ནང་མི་ཁག་ཅིག གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག སུད་སི་སྐུ་ངོ་དོན་གཅོད། མི་མང་ཚོགས་གཙོ་སྦྲེལ་བོ་བཅས་མི་མང་རྣམས་མཉམ་འཛོམས་ཐོག་དམ་པ་ཁོང་སྐུ་འདས་གྲོངས་སུ་སོང་བར་མྱ་ངན་དང་། ཁོང་གི་རྣམ་དཀར་དགེ་བའི་ལས་ཀྱི་མཐུ་ལ་བརྟེན་ནས་མཐར་ཐུག་རྣམ་མཁྱེན་ཀྱི་གོ་འཕངས་མྱུར་དུ་འཐོབ་པའི་སྐྱབས་འཇུག་བསྔོ་སྨོན་བཅས་གནང་སོང་། ཞེས་འགྲེལ་བརྗོད་གནང་སོང་།

དམ་པ་ཁོང་ནི་ཐོག་མར་བོད་མི་སུད་སིར་སྐྱབས་བཅོལ་ཏུ་ཕེབས་མཁན་རྣམས་ཁོང་གི་བཟོ་གྲྭའི་ནང་བླངས་ཏེ་ལས་ཀ་སྤྲད་པ།༧གོང་ས་མཆོག་གི་བཀའ་དགོངས་བཞིན་རི་ཁོན་ཆོས་འཁོར་དགོན་གསར་བཞེངས་ཀྱི་མཆོད་ཡོན་སྦྱིན་བདག་གྲས་དང་།དགོན་པའི་འགན་ལྷན་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱི་ལས་འགན་ལོ་༣༧ རིང་གནང་བས་དགོན་པ་འདི་དང་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་གནང་བར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།