ཚོགས་ཆུང་དྲུག་གྱིས་བོད་དོན་རྒྱལ་ཚོགས་ལ་ཞུ་གཏུག་ལས་འགུལ་སྤེལ་བ།

༢༠༡༤ ཕྱི་ཟླ་ ༠༩་ཚེས་ ༡༩་ རེས་གཟའ་པ་སངས་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་སུ་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཐོག་དབུ་འཛུགས་གནང་།   ས་གནས་ཚོགས་ཆུང་དྲུག་གི་མི་མང་ ༡༢༠  ཙམ་མཉམ་འཛོམས་ཐོག་མཛད་རིམ་གཙོ་སྐྱོང་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ད་བར་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ངག་བཅད་སྐར་མ་གཅིག་བཅས་དང་།  དེ་རྗེས་ས་འཐུས་འགན་པོ་ཚང་སྐལ་བཟང་ལགས་ནས་རྒྱལ་ཚོགས་ལ་ཞུ་གཏུག་བྱེད་པའི་ལས་འགུལ་གྱི་ཡིག་ཆ་རྣམས་ཨིན་སྐད་ཐོག་འཇགས་བཀློག་གནང་། རི་ཀོན་ཆོས་འཁོར་དགོན་གྱིས་མཁན་རིན་པོ་ཆེ་དབུས་སྐྱབས་གནས་དགེ་འདུན་རྣམས་པའི་འཕགས་བསྟོད་དང་རྒྱལ་བའི་ཞབས་རིམ་སོགས་གང་མང་གསུང་འདོན་ཞུས། བཀུར་འོས་མི་མང་ཚོགས་གཞོན་བསམ་པ་ལགས་དང་དོན་ཁང་ཚེ་བརྟན་ལགས་ནས་གསུང་བཤད་གནང་། དམིགས་གསལ་ད་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་བོད་ཀྱི་གནས་འབབ་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་འཚོར་ཤུགས་དྲག་པོས་གསུང་བཤད་ལས་རིམ་དང་དམིགས་ཡུལ་དེ་བཞིན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ལྷག་བསམ་ཅན་གྱི་བོད་མི་ཞིག་ལ་ངོས་འཛིན་ཞུ་བའི་ཐོག་ཐུགས་རྗེ་ཆེ་ཞུས་པ་དང་བོད་མི་མི་རེ་ངོ་རེ་ནས་བོད་མི་ཞིག་ཡིན་པའི་འགན་འཁྱེར་དགོས་པའི་འབོད་བསྐུལ་ཞུས་སོང། ཚོུད་  ༡༣/༥༠ ཙམ་ལ་ཐུགས་རྗེ་ཆེ་ཞུས་གསུང་བཤད་དང་།  ས་འཐུས་ནས་མཇུག་སྡོམ་གཏམ་བཤད་སོགས་གྲུབ་རྗེས་ལས་འགུལ་འཇུག་སྒྲིལ་གནང་། རི་ཀོན་ས་འཐུས་ནས་ས་ནས།  ༢༠༡༤ ཟླ་བ་༠༩ ཚེས་ ༡༩ ཉིན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།