ཛུ་རིག་ཚོགས་ཆུང་གིས་སྤྱི་ནོར་༧གོང་ས་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་བཅས་ཀྱི་ཞབས་རིམ་བསྒྲུབས་པ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཀོད་ཁྱབ་ཕེབས་པ་ལྟར་ ༢༠༡༤ ཕྱི་ཟླ ༡༡ ཚེས་ ༡ རེས་གཟའ་སྤེན་པའི་ཉིན་རྒྱབ་ཚོུད ༡།༣༠ ཐོག་ཛུ་རིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་ལས་ཁུངས་སུ་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་མཚན་མ་ཞི་ཞིང་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་བོད་བསྟན་སྲིད་བཅས་ཀྱི་ཞབས་རིམ། གཞིས་ལུས་བོད་མིའི་དཀའ་སྡུག་མྱུར་སེལ་གྱིས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་གང་མྱུར་འཆར་བའི་གསོལ་འདེབས་སྨོན་ལམ་བཅས་སྨིན་སྒྲུབ་ཞུས་པའི་གནས་བསྡུས་སུ། ཛུ་རིག་འཐུས་མི་བཀྲིས་ཀྱིས་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།