ཝི་ནེ་ཏི་ཞེས་པའི་དགུན་ཁྲོམ་སྐབས་ལུ་རྫན་ཚོགས་ཆུང་མཉམ་ཞུགས་བྱས་པ།
ལུ་རྫན་གྲོང་ཁྱེར་དུ་ལོ་ལྟར་མི་རིགས་སྣ་ཚོགས་ཀྱི་རང་རང་ཡུལ་ལུང་སོ་སོའི་ཟས་རིགས་འཚོང་འགྲེམ་དུས་སྟོན་ཞིག་འཚུགས་བཞིན་ཡོད་པ་ལྟར་འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༡༣ - ༡༦ བར་འཚོགས་སྐབས་ས་གནས་བོད་རིགས་མི་མང་ནས་མཉམ་ཞུགས་བྱས་ཡོད་ལ། དེ་ནི་ཡུལ་ལུང་འདྲ་མིན་གྱི་ཟས་སྣ་དང་རིག་གཞུང་བརྗེས་རེས་བྱེད་རྒྱུ་བཅས་ཀྱི་གལ་འགང་ཆེ་བའི་དུས་ཚེས་ཤིག་ཡིན། ད་ཕན་ལོ་ལྔའི་རིང་མཉམ་ཞུགས་བྱེད་ཐུབ་ཡོད་པའི་ཉམས་མྱོང་ནས་བལྟས་པ་ཡིན་ན་བོད་དང་། བོད་མི། བོད་ཟས་བོད་ཆས་སོགས་ཀྱི་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། ཡུལ་མིའམ་ཕྱི་ནང་སྐུ་མགྲོན་རྣམས་ནས་བོད་མིར་དགའ་སྣང་ཆེན་པོ་བྱེད་པ་ཙམ་མ་ཚད། བོད་ཟས་ལྗགས་བྲོ་ཆེན་པོ་འདུག་པའི་ཡིད་སྨོན་བསྔགས་བརྗོད་ཀྱང་གནང་གི་འདུག
ཝེ་ནི་ཏེ་དགུན་ཁྲོམ་འདི་ནི་ལུ་རྫན་བོད་རིགས་ཚོགས་ཆུང་གི་ངོས་ནས་བོད་ཀྱི་རིག་གཞུང་དྲིལ་བསྒྲགས་ཙམ་མིན་པ་ཚོགས་ཆུང་གི་དཔལ་འབྱོར་བསྡུ་འགོད་ཀྱི་དམིགས་རྟེན་གཅིག་པོ་དེ་ཡང་ཡིན། དུས་སྐབས་དེའི་རིང་གནམ་གཤིས་གྲང་ངར་ཆེན་པོ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་ཚོགྶ་ཆུང་མི་མང་ནས་འཕྱར་གྲུ་མཉམ་འདེགྶ་གནང་བར་རྟེན་དཔལ་འབྱོར་གྱི་མཁེ་འབབ་ཡང་གང་ལེགས་བྱུང་ཡོད། འོན་ཀྱང་ལོ་འདིར་བོད་མི་སྒེར་པ་ཞིག་ནས་བོད་ཟས་སྤུས་འཚོང་བྱས་ཡོད། གལ་ཏེ་དེ་ལྟར་བྱས་མེད་པ་ཡིན་ན་ཚོང་མཁེ་ཡོང་འབབ་དེ་ལས་ཆེ་བ་ཞིག་ཡོང་རྒྱུ་ཡིན་པ་ཚོགས་ཆུང་མི་མང་ནང་བསམ་ཚུལ་བྱུང་ཡོད།
མ་འོངས་པར་འདིའི་ཐོག་ད་དུང་ལེགས་བཅོས་ཡར་རྒྱས་གང་ཐུབ་གཏོང་དགོས་པའི་གནས་སྟངས་ཡོད་པའི་གནས་ཚུལ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།