ཞབས་རིམ་གསོག་སྒྲུབ་ཀྱི་བཀའ་རྒྱ།

དབུས་བོད་མིའི་ཆོས་རིག་ལས་ཁུངས་ནས་ ༢༠༡༧ ཟླ་ ༠༦ ཚེས་ ༢༦ ཉིན་བཀའ་ཡིག་ཕེབས་པའི་དགོངས་དོན་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གཡར་གསོལ་སྤྱན་འདྲེན་སྐབས། ༸རྒྱལ་བའི་སྐུ་ཕྱྭ་དང། བོད་བསྟན་སྲིད་རྩ་དོན་སླད་བཀའ་བརྒྱ་མཉམ་སྦྱར་ཞབས་རིམ་ཁག་སྨིན་སྒྲུབ་ཞུ་སྟེ་དཔལ་ལྡན་ཆོས་རིག་ལས་ཁུངས་སུ་སྒྲུབ་ཐོ་ཕྱི་ཟླ་ ༠༧ ཚེས་ ༡༤ ནང་ཚུད་འབུལ་དགོས་པར་སོང། འདི་ག་དོན་གཅོད་ལས་ཁུངས་སུ་སྒྲུབ་ཐོ་ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༡༢ འགྱངས་མེད་གནང་དགོས་ཀྱི་བཀའ་ཡིག་ཕེབས་སོང་བར་དེ་དོན་གང་མྱུར་ཚོགས་ཆུང་སོ་སོའི་ནང་ཛ་དྲག་གི་མི་མང་བསྐོང་འཚོགས་ཀྱི་ཞབས་རིམ་གསོག་སྒྲུབ་གནང་སྟེ་སྒྲུབ་ཐོ་དོན་གཅོད་ལས་ཁུངས་སུ་ཕུལ་རྒྱུ་དང་ཞབས་རིམ་ཉིན་གྱི་གསར་འགྱུར་ས་གནས་བོད་རིགས་མི་མང་དྲ་རྒྱར་གཏོང་གནང་ཡོང་བ་ཞུ་རྒྱུ་དང་། འདི་ནས་ཕྱག་དཔེ་རག་ཐབས་ཀྱིས་འབད་བརྩོན་གང་ཐུབ་ཞུ་ཆོག་པ་ཞུ་རྒྱུ་བཅས་ཚོགས་གཙོ་སྦྲེལ་པོས་གུས་འཚམས་ཀྱིས་བརྒྱན་ཏེ་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སྡོམས་རོགས།