འཇི་ནི་ཝར་ཉིན་བཞི་པར་སྤེལ་བའི་ལས་འགུལ་ལེ་འགྲིགས་བྱུང་པ།

༢༠༡༤ ཕྱི་ཟླ་ ༦ ཚེས་ ༡༣ རེས་གཟའ་པ་སངས་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་བཅས་སུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་བསྐུལ་འདེད་བྱེད་པའི་ཉིན་བཞི་བའི་ལས་འགུལ་མཐའ་མ སྔ་དྲོ་ཆུ་ཚོད་ ༠༩།༠༠ ཐོག་དབུ་འཛུགས་གནང་། སྐུ་ཕྱག་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༡༩ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༦ བཅས་དང་ལོ་ན་ཆུང་ཤོས་ ༢༣ དང་རྒན་ཤོས་ ༧༠ ཡིན།  

ཆུ་ཚོད་ ༡༡ ཐོག་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་དང་།  ས་གནས་ཚོགས་ཆུང་དྲུག་གི་མི་མང་ ༢༥༠ སྐོར་མཉམ་འཛོམས་གནང་བའི་ཐོག་མཛད་རིམ་གཙོ་སྐྱོང་བ་ཤ་བ་ཚེ་རིང་ལགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ད་བར་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ངག་བཅད་སྐར་མ་གཅིག་བཅས་དང་།  དེ་རྗེས་ལས་འགུལ་འགན་འཛིན་ས་འཐུས་བསྟན་འཛིན་སྙིང་པོ་ནས་ཉིན་བཞིའི་རིང་རྒྱལ་ཚོགས་ལ་ཞུ་གཏུག་བྱེད་རྒྱུའི་ལས་འགུལ་དེའི་བྱུང་རིམ་དང་དམིགས་ཡུལ་དེ་བཞིན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ལྷག་བསམ་ཅན་གྱི་བོད་མི་ཞིག་ལ་ངོས་འཛིན་ཞུ་བའི་ཐོག་ཐུགས་རྗེ་ཆེ་ཞུས་པ་དང་བོད་མི་མི་རེ་ངོ་རེ་ནས་བོད་མི་ཞིག་ཡིན་པའི་འགན་འཁྱེར་དགོས་པའི་འབོད་བསྐུལ་ཞུས་སོང། མི་མང་ཡོངས་ནས་ལས་འགུལ་བ་རྣམས་དང་མཉམ་དུ་སྐུ་ཕྱག་འཚལ་བ་དང་པུས་མོ་ས་ལ་གཙུག་ནས་འབོད་སྐུལ་ཞུ་རྒྱུའི་ལས་འགུལ་ནང་མཉམ་ཞུགས་གནང་།  བཀུར་འོས་མི་མང་ཚོགས་གཙོ་མཆོག་དང་དོན་ཁང་སྐུ་ཚབ་ཟླ་བ་རྒྱ་མཚོ་ལགས་གཉིས་ནས་གསུང་བཤད་གནང་། འཇི་ནི་བར་ལྗང་ཁུ་ཚོགས་པའི་ཚོགས་ཟུར་སྐུ་ཞབས་ལོང་ཞེ་ལགས་ནས་བོད་ཀྱི་གནས་འབབ་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་འཚོར་ཤུགས་དྲག་པོ་ཡོད་པ་བཅས་ཀྱི་གསུང་བཤད་གནང་སོང།

མུ་མཐུད་མི་མང་རྣམས་ནས་སྐུ་ཕྱག་དང་པུས་མོ་ས་ལ་གཙུག་ནས་ལས་འགུལ་སྤེལ།ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་ཉིན་བཞིའི་ལས་འགུལ་བ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱིས་མཇལ་དར་སྒྲོན།  སུད་སི་བེུད་ཚོགས་པའི་ངོས་ནས་ཀྱང་ལས་འགུལ་བ་རྣམས་ལ་མཇལ་དར་སྒྲོན་འབུལ་ཞུས། ལས་འགུལ་དེའི་ཆེད་ཞལ་འདེབས་གནང་མི་ཁག་ཅིག་ཀྱང་བྱུང་ཡོད་འདུགད་རེས་ལས་འགུལ་རྣམ་པ་མི་འདྲ་བ་སྣ་ཚོགས་སྤེལ་ཡོད།  དཔེར་ན་དཔལ་ལྡན་སྲིད་སྐྱོང་མཆོག་དང་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན། རྒྱ་ནག་གི་སྲིད་འཛིན་ཞི་ཆི་པིན་གསུམ་གྱི་ངོ་གདོང་གྱོན་ཏེ་བོད་རྒྱ་ཞི་མོལ་བྱེད་པ། དེ་བཞིན་ལུས་ལ་ཆུ་ཤོག་ནག་པོ་དཀྲིས་ཏེ་རང་ལུས་མེར་སྲེག་གི་རྣམ་པ་སྟོན་པ་སོགས་བོད་དོན་དྲིལ་བསྒྲགས་གང་ཅིའི་ཐད་ཧ་ལས་པའི་ལས་འགུལ་ཡག་པོ་བྱུང་ཡོད་པ་དང་། མཉམ་ཞུགས་གནང་མི་རྣམས་ཀྱང་བློ་ཡིད་ཚིམ་པོའི་ངང་ལས་འགུལ་འཇུག་སྒྲིལ་ཞུས་པ་བཅས་བསྟན་འཛིན་སྙིང་པོས། 

 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།