འཐུས་མི་རྣམ་པར་སྐལ་བཟང་གོ་སྐབས་བཟང་པོ་ཐོབ་ཡོད།
༈ སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱི་འཐུས་མི་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་༸མི་རྗེ་བློ་བཟང་སེངྒེ་མཆོག་བཅས་ཁུལ་འདིར་ཞབས་སོར་བཀྲིན་ཆེ་སྐབས་ལྷན་དུ་སྐུ་དཔར་བསྒྲོན་པའི་སྐལ་བཟང་གོ་སྐབས་ཐོབ་པ། དེ་དང་སྟབས་བསྟུན་མང་ཚོགས་ལ་གསལ་བཤད་ཞུ་རྒྱུར། ནམ་མཁའ་རིན་པོ་ཆེའི་ཆོས་ཚོགས་སྔ་འགྱུར་རྙིང་མ་པ་འཛམ་གླིང་རྒྱལ་ཡོངས་རིག་འཛིན་འདུས་སྡེ་སོགས་ཆོས་ཚོགས་ཁག་གསུམ་ནས་ཇི་ལྟར་གསོལ་འདེབས་གདན་ཞུ་གནང་བ་བཞིན་ས་གནས་ཕེ་རཱཡི་སྦུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་མངའ་ནས་ཉིན་གཉིས་གསུང་ཆོས་དང་བཀའ་དབང་བཅས་ཀྱི་སྐལ་བཟང་གོ་སྐབས་བཟང་པོ་ཐོབ་ཡོད། སྐབས་དེར་ཚོགས་གཞོན་བསམ་པ་ལགས་དང་། འཐུས་མི་མེ་མིསི་ཧོ་ཕར་པ་སངས་ལགས། སྦ་ཚང་ཚེ་རིང་དབང་གྲགས་ལགས། ཚེ་རིང་ནོར་བུ་ལགས། མདའ་སྐྱེལ་དགེ་ལེགས་ལགས། སེ་ཝོ་བསོད་ནམས་ལགས། ཕོན་ས་ལི་བསོད་ནམས་ལགས་བཅས་དང་རོགས་མི་ཁ་ཤས་ནས་མི་མང་གི་སྤྱི་དངུལ་ཡར་རྒྱས་འབྱུང་ཐབས་ཁོ་ནར་དགོངས་ཏེ་གསུང་ཆོས་སོགས་བློས་བཏང་གིས་ཞལ་ལག་འཚོང་འགྱུར་འགན་བཞེས་ལྷུར་སྐྱེད་གནང་བ་བཅས་ལ་འཐུས་ཚོགས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ། ས་གནས་འཐུས་ཚོགས་ཐོུང་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།