འབུམ་ཚོགས་ཀྱི་ཉིན་གཉིས་པ།

སིད་སིའི་ཝེ་ལྡནསི་ཝིལ་ས་གནས་ཚོགས་ཁང་Haageri ནང་དུ་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཚེས་༢༥ ཉིན་ནས་མགོ་འཛུགས་གནང་བ་ལྟར། ཉིན་གཉིས་པར་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུ་མཛད་པའི་འོག་དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་སྐུ་ཚབ་དོན་གཅོད་མཆོག་གཙོས་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཁའི་སྤྱི་འཐུས་རྣམ་གཉིས་དང་སྤྱི་ཟུར་ཁག་ཅིག སེར་སྐྱ་ཆོས་དད་མི་མང་༢༠༠ མཉམ་ཞུགས་ཀྱིས་ཉིན་གང་ཆོས་ལུགས་ཀྱི་ཆོལ་ག་བསྒྲུབས།

ཉིན་རྒྱབ་བར་གསེང་དང་བསྟུན་སྐུ་ངོ་དོན་གཅོད་མཆོག་དང་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཁའི་སྤྱི་འཐུས་རྣམ་པ་གཉིས། སྤྱི་ཟུར་རྣམ་པ་དང་སུད་སིའི་དང་ལིག་ཏན་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས། ཚེས་བཅུ་ཚོགས་པའི་ཚོགས་གཙོ་དང་ས་གནས་འཐུས་མི་རྣམས་མཉམ་འཛོམས་ཀྱི་སྐུ་པར་བསྒྲོན། ཆོས་དད་མི་མང་ཚོས་འབུམ་ཚོགས་ཀྱི་ཆེད་དུ་ཞལ་འདེབས་འབུལ་བ་སོགས་ཀྱི་ལས་དོན་ལ་བྲེལ་བཞིན་འདུག

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།