འཛུ་རིག་ཚོགས་ཆུང་གི་གཟའ་ཉི་མ།

ཟླ་འདིའི་ཚེས་༣༡་གཟའ་ཉི་མའི་ཉིན་འཛུ་རིག་ཚོགས་ཆུང་གིས་Binz་མི་མང་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་འབོད་སྐུལ་དང་། སྒོས་སུ་ཧི་མ་ལ་ཡའི་རི་རྒྱུད་ལ་འཚོ་བའི་ནེ་པ་ལེ་གཙོས་བོད་ཀྱི་ས་ཁུལ་ཁག་ཅིག་དང་རྒྱ་གར་བཅས་སུ་བྱུང་བའི་ས་གཡོམ་གོ་ཆག་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས།

ཉིན་དེའི་ཞོགས་པའི་ཆུ་ཚོད་༡༡་ནས་ཉིན་རྒྱབ་༤་བར་དུ་འཛུ་རིག་ཚོགས་ཁུངས་སུ་ཡོད་པའི་སྤྱི་ཟུར་རྣམ་པ་གཉིས་གཙོས་ཚོགས་ཞུགས་པ་༤༠་ལྷག་གིས་སྒྲོལ་བསྟོད་དང་བདེན་པའི་རྔ་སྒྲ། པཎ་གྲུབ་༡༧་ལ་བསྟོད་པ། གུ་རུ་དང་ཚེ་གཟུང་སོགས་གསོག་སྒྲུབ་བྱས། ཚོགས་ཆུང་གི་རྒྱུན་ལས་རྣམས་ཀྱིས་ཉིན་གུང་གི་ཞལ་ལག་གོ་སྒྲིག་གིས་ཚོགས་ཞུགས་པ་རྣམས་ལ་འདེགས་འབུལ་ཞུས།དེ་དང་བསྟུན་ནས་བལ་ཡུལ་དུ་ས་གཡོམ་གོ་ཆག་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་བསྡུ་རུབ་སོགས་གནང་སོང་།

ཚོགས་མི་ལྷན་འཛོམས་ཀྱི་ཐོག་བོད་ཡིག་སློབ་གྲྭའི་འགན་འཛིན་གསར་བ་གཡང་འཛོམས་ལགས་སུ་ཚོགས་ཞུགས་པ་སྤྱི་མོས་ལྟར་འབོད་སྐུལ་ཞུས་པར་དང་ལེན་དང་། སྤྱི་ཟུར་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་སུ་ས་གནས་འོས་བསྡུའི་ཚོགས་མིར་ཚོགས་ཆུང་གི་རྒྱུན་ལས་ཀྱི་སྤྱི་མོས་བྱུང་བ་ལྟར་དགོངས་བཞེས་དང་ལེན་བྱས་པར་ཐུགས་རྗེ་ཁ་བཏགས་ཕུལ། དེ་བཞིན་ཉི་མདའ་ཚང་སྟོབས་རྒྱལ་ལགས་སུ་མི་ལོ་༢༠་ལྷག་ལ་འཛུ་རིག་བོད་ཡིག་སློབ་གྲྭར་ཞལ་འདེགས་ཞུས་པར་ཐུགས་རྗེ་ཆེ་མཚོན་ཆེད་ཁ་བཏགས་ཕུལ་པ་སོགས་མཆོད་འབུལ་དང་འབྲེལ་བའི་ལས་འགུལ་ངོ་སྤྲོད་མདོ་བསྡུས་སུ།

འཛུ་རིག་ཚོགས་ཆུང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།