ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ་ ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ སྟེ་ད་རིང་གི་ཉིན་མོ་སུད་སི་རྒྱལ་ས་སྦརན་དུ་ཕེབས་བསུ་ཞུས་པ།
༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣ སྟེ་ད་རིང་གི་ཉིན་མོ་སུད་སི་རྒྱལ་ས་སྦརན་དུ་ཡུ་རོབ་བོད་ཀྱི་བདེན་པའི་མེ་ལྕེ་ཕེབས་བསུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། དེ་ཡང་སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་དང་། ཡུ་རོབ་བོད་རིགས་གཞོན་ནུ། སུད་སི་བེུད་ཚོགས་པ། སུད་བོད་མཐུན་ཚོགས་བཅས་ནས་འགན་ལེན་མཉམ་འཁུར་ཞུས་ཡོད། ཚོུད་ ༡༤/༡༥ ཐོག་བདེན་པའི་མེ་ལྕེ་སྦུན་རྡསི་པལཙི་ཞེས་པར་འབྱོར་བ་བསྟུན་སྐུ་མགྲོན་སོགས་མི་གྲངས་ ༨༠༠ ཙམ་ནས་བོད་ཀྱི་རྒྱལ་དར་དང་བོད་ནང་མེ་མཆོད་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་དཔར། བརྗོད་ཚིག་སྣ་ཚོགས་བཅས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། སྐབས་དེར་ཟློས་གར་ཚོགས་པའི་རྔ་སྒྲ་སྒྲོགས་པ་དང་མི་མང་རྣམས་ནས་བོད་རྒྱལ་ལོ་ཟེར་བའི་སྐད་འབོད་ཀྱང་གནང་སོང་ལ། སྐུ་མགྲོན་སོགས་མི་མང་མང་པོས་བདེན་པའི་མེ་ལྕེ་དང་སྤྱི་འཐུས་དབང་ཆེན་ལགས། སྣུམ་འཁོར་གྱི་ཁ་ལོ་བ་བཅས་པར་མཇལ་དར་བསྒྲོན་འབུལ། ཚོགས་གཞོན་བསམ་པ་ལགས་ནས་ལས་རིམ་སྙན་སེང་ཞུས། ཟློས་གར་བའི་སྣེ་འཁྲིད་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་མཇུག་སྐུ་མགྲོན་རྣམས་ནས་རིམ་བཞིན་གསུང་བཤད་གནང། དེ་ཡང་སུད་སི་ལྗང་ཁུ་ཚོགས་པའི་སྤྱི་འཐུས། བོད་མི་མང་གི་ཕྱོགས་བཞུགས་སྤྱི་འཐུས་སྐོུ་དབང་ཆེན་ལགས། སུད་སི་བོད་དོན་ཚོགས་པའི་སྐུ་ཚབ། བེུད་ཚོགས་པའི་ཚོགས་གཙོ། གཞོན་ནུའི་སྐུ་ཚབ། སུད་བོད་སྐུ་ཚབ་བཅས་དང་། བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་མཇུག་བསྡོམས་གསུང་བཤད། རི་དགོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམས་ནས་༸རྒྱལ་བའི་ཞབས་བསྟན་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང། དམིགས་བསལ་སྒང་ཕུག་ལྗང་ཁུ་མང་དག་ཅིག་གནམ་ལ་བཏང་སོང་བ་དེའི་མཉམ་བདེན་པའི་མེ་ལྕེའི་འགྲེལ་བཤད་བཀོད་ཡོད་པ་དེས། སུད་སི་ས་ཁུལ་མང་དག་ཅིག་ལ་ཁྱབ་སྟེ་གནས་ཚུལ་གསལ་རྟོགས་ཡོང་རྒྱུ་ཡིན་པའི་གསལ་བཤད་གནང་སོང་བའི་གནས་ཚུལ་རག་བསྡུས་སུ། སྒོ་སྤེ་ཡོན་ཏན་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།