ཡོ་ནཱའི་ལོ་འཁོར་དཔྱིད་ཀའི་དུས་སྟོན།
དེ་ཡང་སུད་སི་ས་གནས་ཡོ་ནཱར་ལོ་ལྟར་དཔྱིད་ཀའི་དུས་སྟོན་ཞིག་ཉིན་གསུམ་རིང་འཚུགས་བཞིན་ཡོད་པ་ལྟར་ལོ་འདིར་ཡང་ཕྱི་ཟླ་ ༤ ཚེས་ ༢༦/ ༢༨ རེས་གཟའ་པ་སངས་ནས་ཉི་མ་བར་ཡིན་འདུག དུས་སྐབས་འདི་ནི་ཁུལ་འདིའི་ས་གནས་བོད་ཡིག་སློབ་གྲྭའི་ལོ་འཁོར་དཔལ་འབྱོར་འདུ་འགོད་ཀྱི་གོ་སྐབས་ཡག་ཤོས་དེ་ཡང་ཡིན། ས་གནས་བོད་ཡིག་སློབ་གྲྭའི་རྒྱུན་ལས། ཕ་མ་རྣམས་ནས་གཙོ་འགན་བཞེས་ཐོག་ཚོགས་ཆུང་མི་མང་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་ནུས་པ་ལྡན་པ་སྤེལ་ཐུབ་པ་བྱུང་ཡོད། དེ་ནི་བོད་ཀྱི་གཏམ་དཔེར་ལྟར། མི་སྨོན་རང་སྐྱིད་ཅེས་པ་དོན་དང་ལྡན་པ་ཡོང་གི་ཡོད། ཐོག་མའི་དམིགས་ཡུལ་གཞིར་བཟུང་ད་ཕན་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་རིང་ཡར་རྒྱས་འཚག་ཚུད་བྱུང་དང་འབྱུང་བཞིན་ཡོད། ཡུལ་མི་རྣམས་ནས་དགའ་དགའ་སྤྲོ་སྤྲོའི་ངང་བོད་ཟས་ལ་རོལ་བ་དང། རིན་གོང་འཚམས་ལ་ལྗགས་བྲོ་ཆེ་བ་ཡོད་པའི་བསྔགས་བརྗོད་གནང་བ་ཙམ་མ་ཡིན་པར། དུས་ཡུན་སྐར་མ་བཞི་བཅུ་བརྒལ་བ་རུ་བསྟར་རིང་པོར་སྒུག་བཞིན་འདུག ལྷག་པར་དུས་སྟོན་གྲ་སྒྲིག་ཚོགས་ཆུང་ནས་བོད་པའི་འཚོང་འགྲེམས་ལས་འགུལ་འདི་མ་བྱུང་བ་ཡིན་ན། དུས་སྟོན་འདི་སྟོང་པ་ཡོང་བ་འདུག་པའི་དགོངས་ཚུལ་གསུང་གི་ཡོད། གང་ལྟར་བོད་མི་ཚོས་ངོས་ནས། བོད་དོན་དྲིལ་བསྒྲགས་དང་། ཡུལ་མི་དང་འཆམ་མཐུན་ཡོང་བ། ལྷག་པར་བོད་སློབ་ཀྱི་དཔལ་འབྱོར་འདུ་འགོད་ཀྱང་གང་ཡག་ཡོང་གི་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།