སུད་དོན་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་ཁག་ནང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ལེགས་གྲུབ།

སྤྱི་ལོ༢༠༢༡་ལོཟླ་༤་ཚེས་༡༡ཉི་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་དུ་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་གནང་ཟིན་པ་ལྟར། སུད་སིའི་དོན་གཅོད་ཁྱབ་ཁོངས་སུད་སི་དང་། འཇར་མན། ཨོ་སི་ཀྲི་རེས་ཡ། ཨེ་ཊ་ལི་བཅས་སུ་འོས་བསྡུ་ལེགས་གྲུབ་དང་། གྲུབ་འབྲས་གསལ་བསྒྲགས་གནང་སོང་།  

གོང་ཚེས་ཉིན་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་གི་ནང་དུ་དངོས་གཞིའི་འོས་བསྡུ་དབུགས་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༡༣ ཉིན་སུད་སིའི་དོན་གཅོད་དང་། འོས་བསྡུ་འགན་འཛིན། ས་གནས་ཁག་གི་འོས་བསྡུའི་ཚོགས་མི། ཟུར་དཔུང་པ་རྣམས་ཀྱིས་སུད་སིའི་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་འོས་བསྡུ་གྲངས་བཤེར་ལེགས་གྲུབ་བྱུང་ཞིང་།

 

འོས་བསྡུ་གྲངས་བཤེར་འགོ་འཛུགས་མ་གནང་བར་ས་གནས་ཀྱི་ཟུར་དཔང་གསུམ་གྱིས་གསུངས་དོན་ཐེངས་འདིའི་དངོས་གཞི་འོས་བསྡུ་སྐབས་རྙོག་གླེང་དང་། དཀའ་ངལ་སོགས་ཅི་ཡང་བྱུང་མེད་པར་ཚགས་ཚུད་དང་ཡག་པོ་བྱུང་འདུག་པས་ཚང་མས་ཐུགས་སེམས་བདེ་བོ་གནང་རོགས་ཞུ་ཆོག་སྐོར་སོགས་གསུངས་སོང་།

སུད་སི་ས་གནས་དོན་གཅོད་ཁྱབ་ཁོངས་རྒྱལ་ཁབ་ཁག་བཞིའི་ནང་སྲིད་སྐྱོང་གི་དངོས་གཞིའི་གྲུབ་འབྲས་གཤམ་གསལ།

མཚན། སྤེན་པ་ཚེ་རིང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ།
སུད་སི། ༡༥༥༣ ༡༦༡༥
འཇར་མིན། ༡༥༣ ༡༢༣
ཨོ་སུ་ཀྲི་རེས་ཡ ༡༠༦ ༦༢
ཨེ་ཀྲ་ལེ ༥༠ ༣༧
བསྡོམས། ༡༨༦༢ ༡༨༣༧

ལྷོ་ཨ་ཧྥི་རི་ཀ་དང་ཡོ་རབ་ཁག་གི་སྤྱི་འཐུས་ཀྱི་དངོས་གཞིའི་གྲུབ་འབྲས།

མཚན། ཐུབ་བསྟན་དབང་ཆེན ཐུབ་བསྟན་རྒྱ་མཚོ། གངས་གཞོན་ཚང་བློ་བཟང་། བཀྲ་ཤིས་བདེ་ལེགས།
བསྡོམས། ༢༤༥༥ ༡༡༥༦ ༡༩༢༤ ༡༡༧༦
སུད་སི ༢༠༩༣ ༨༩༡ ༡༤༧༦ ༡༠༡༡
འཇར་མིན། ༢༠༩ ༡༢༠ ༧༦ ༨༢
ཨོ་སུ་ཀྲི་རེས་ཡ ༡༠༧ ༩༣ ༤༤ ༤༤
ཨེ་ཀྲ་ལེ ༤༦ ༥༢ ༢༨ ༣༩

གསར་འགོད་པ་དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།