བོད་རྒྱལ་ལོ་ ༢༡༤༡ སྣྲོན་ཟླའི་ ཚེས་ ༩ ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ རེས་གཟའ་ཉི་མའི་ཉིན་རི་ཀོན་ཆོས་འཁོར་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དངོས་གཞིའི་དུས་ཆེན་གཟབས་རྒྱས་སྲུང་བརྩི་ཞུས་པ།

སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རི་ཀོན་ཆོས་འཁོར་མགོན་གྱི་མཁན་རིན་པོ་ཆེ་མཆོག་དབུས་དགེ་འདུན་རྣམ་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དེ་བཞིན་མི་མང་ཚོགས་གཞོོན་གཙོས་འཐུས་མི་རྣམ་པ་བཅས་མི་མང་ ༢༠༠ ལྷག་མཉམ་བཞུགས་ཐོག་ཆོས་ཕྱོགས་ཀྱི་མཛད་སྒོ་ལྷུན་གྱི་གྲུབ་པར་གནང་། སུད་སི་གཟུགས་མཐོང་རླུང་འཕྲིན་གྱི་གསར་འགོད་པ་ཆེ་ཤོས་༼SF1༽ནས་དེ་རིང་གི་གསར་འགྱུར་ལེན་ཡོད་པ་དང། བདུན་འདིའི་རེས་གཟའ་པ་སངས་ཉིན་གོང་དྲོ་ཆུ་ཚོད་ ༢༢།༢༠ ཐོག་ཕབ་གཏོང་གནང་གི་ཡོད་འདུག མི་མང་ཟློས་གར་ནས་རྔོན་པ་རིགས་སྔགས་ཁྲབ་སྟོན་གནང་རྗེས། མི་མང་ནས་བསང་སྲོལ་དང་ལྷ་རྒྱལ་ལོ་ཞེས་པའི་འབོད་སྒྲ་ཚོར་བ་ཆེན་པོའི་ངང་གནང་། དེ་རྗེས་སྟོད་པ་སྐྱིད་སྡུག་ནས་རྒྱས་གཞས་ཁྲབ་སྟོན་དང་མི་མང་ནས་སྒོར་གཞས་བཅས་ཧ་ལས་པའི་རྟེན་འབྲེལ་གྱི་མཛད་སྒོ་གཟབས་རྒྱས་གནང་། ཉིན་གུང་ཞལ་ལག་རྒྱས་པ་ཞིག་དང་བཅས་མི་མང་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་མུ་མཐུད་ནས་བཞུགས་པའི་ཐོག་འཁྲུངས་སྐར་དངོས་གཞི་རྒྱལ་ཁའི་ངང་འཇུག་སྒྲིལ་གནང།
གསར་འགོད་པ།བསྟན་སྙིང་པོ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།