རི་ཀོན་དགོན་དུ་བོད་ཀྱི་ལོ་སར་བརྩི་སྲུང་གནང་།

བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་༥༠༠ ལྷག་་རི་ཀོན་ཆོས་འཁོར་དགོན་དུ་སྔ་དྲོའི་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་ལྷན་འཛོམས་ནས་བོད་ཀྱི་ལོ་སར་རྟེན་འབྲེལ་མཛད་སྒོར་བརྩི་སྲུང་བྱས། ལོ་ལྟར་ལོ་སར་གྱི་རྟེན་འབྲེལ་གྱི་མཛད་སྒོ་འདི་རི་ཀོན་ཆོས་འཁོར་དགོན་གྱིས་གོ་སྒྲིག་ཞུ་བཞིན་པ་རེད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་སྐབས་བཅུ་དྲུག་པའི་འཐུས་ཚོགས་ཀྱི་ཚབ་བྱས་ནས་རི་ཀོང་དགོན་ཐུགས་རྗེ་ཆེ་ཞུས། ཁོང་གིས་གསུངས་དོན་འདས་པའི་ལོ་གསུམ་གྱི་རིང་ལ་་སྐབས་བཅུ་དྲུག་པའི་འཐུས་ཚོགས་དང་ལྷན་དུ་ལས་དོན་དག་ལ་དགོན་པའི་མཁན་རིན་པོ་ཆེ་གཙོས་འབྲེལ་ཡོད་མི་སྣ་དག་གིས་རྒྱབ་སྐྱོར་གནང་སོང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བཞིན་ཡོད་ཟེར། 

ད་ལོའི་ལོ་སར་གྱི་སྐབས་དང་བསྟུན་ནས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཀའ་ཁྱབ་བཞིན་༧རྒྱལ་བའི་སྐུ་ཕྱའི་ཞལ་རིམ་གསོག་སྒྲུབ་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག་པས། ལོ་རྒྱུན་དང་མི་འདྲ་བའི་མི་མང་མང་པོ་ཕེབས་འདུག་པ་འབྲེལ་བརྗོད་གནང་སོང་། སྐབས་དེའི་སྐུ་མགྲོན་གཙོ་བོ་ནི་དགོན་པའི་མཁན་རིན་པོ་ཆེ་དང་། སྐུ་ཚབ་དོན་གཅོད། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་ལས་ཐོག་ཟམ་མདོ་བྱམས་པ་དང་སྤྱི་ཟུར་ཁག་ཅིག གཞན་སུད་སི་དང་ལིག་ཏེན་སུཊན་བོད་རིགས་མི་མང་ཚོགས་པའི་རྒྱུན་རྣམས་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།