རྒྱལ་ཁའི་གཏམ་བཟང་།
སུད་སི་དང་། ལིཀཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་ཚོགས་ཆུང་ཨུཊ་ཝིལ་(Oetwil am See) གྱི་ཚོགས་མི་རང་ལོ་ ༣༦ གང་གཞོན་ཚང་རྣམ་རྒྱལ་ལགས། ༢༠༡༤ ཟླ་ ༥ ཚེས་ ༡༨ ཉིན་ས་གནས་གྲོང་སྡེ་ལས་ཁུངས་ཚོགས་མིར་མང་མོས་བདམས་ཐོན་བྱུང་ཡོད་འདུག ཁོང་གིས་ད་བར་དེ་གའི་འབྲེལ་ཡོད་ལས་ཁུངས་སུ་ཕྱག་ལས་གནང་ཡུན་རིང་དྲང་བདེན་དང་། ལྷག་བསམ། གཞན་ཕན་སོགས་རང་ནུས་གང་ཡོད་གཟེངས་སུ་ཐོན་པ་ཞིག་བྱུང་བར་བརྟེན། ཁོང་ལ་ས་གནས་མི་མང་མང་ཤོས་ཀྱིས་གྲོང་སྡེའི་ཚོགས་མིར་བདམས་ཐོན་བྱུང་བའི་གནས་ཚུལ་ཐོན་ཡོད། ཕྱི་ལོ་ ༡༩༦༤ ལོ་ནས་ས་གནས་གྲོང་སྡེ་དེའི་ནང་བོད་མི་གཞིས་ཆགས་ཐོག་མར་སླེབས་ནས་ལོ་ངོ་ལྔ་བཅུའི་བརྒལ་བའི་རིང་ས་གནས་ཡུལ་མི་དང་འཆམ་མཐུན་གྱིས་སྤྱི་སྒེར་གཉིས་ཐད་ལ་བཟང་ཕྱོགས་ཀྱི་མཐོང་ཚུལ་ཡོད། གོང་གསལ་གཏམ་བཟང་འདིར་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོས་དབུས་འཐུས་ཚོགས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།