རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ།

ཟླ ༣ ཚེས་༢༦ རེས་གཟའ་ཉི་མའི་ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་དང་སུད་སིའི་ཆོལ་ཁ་གསུམ་གྱི་ས་གནས་སྒྲིག་འཛུགས་ཁག་དང་མཉམ་རུབ་ཐོག་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་མཆོད་འབུལ་སྨོན་ཞིག་འཚོག་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་དང་སུ་སི་ས་གནས་དབུས་གཙང་ཆོལ་ཁ་དང་། ས་གནས་མདོ་ཁམས་ཆུ་སྒང་། དེ་བཞིན་ས་གནས་མདོ་སྨད་རྒྱུན་ལས་བཅས་ཀྱིས་མཉམ་འབྲེལ་ཐོག ཉེ་ལམ་ཁམས་ཉག་རོང་དུ་བོད་མི་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་བས་མཚོན། ད་ལྟའི་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་ཞེ་དྲུག་ལྷག་གིས་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གནང་སྟེ། རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་དང་། དེ་བཞིན་༡༩༤༩ ལོ་ནས་ད་ལྟའི་བར་བོད་ཀྱི་ཆོས་སྲིད་རིག་གནས་དང་སྐྱེས་ཁམས་ཁོར་ཡུག་སོགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་བོད་མི་འབུམ་ཕྲག་མང་པོ་བྱུང་བ་བཅས་ཀྱི་ཆེད་དུ། རི་ཁོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོག་གནང་ཡོད་འདུག

མཛད་རིམ་འདིའི་ནང་རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམ་དང་། ཡུ་རོབ་སྤྱུ་ཟུར་རྣམ་པ། མི་མང་ཚོགས་གཙོ་སྦྲེལ་བོ། དེ་བཞིན་ཆོལ་ཁ་གསུམ་ཀྱི་ཚོགས་གཙོ་རྣམ་པས་གཙོས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད་པ་དང་། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱི་བོད་དོན་བཀའ་སློབ་གནང་ཞིང་། ཆོལ་ཁ་གསུམ་གྱི་སྐུ་ཚབ་བློ་བཟང་ལགས་ཀྱིས་ལས་རིམ་དང་འབྲེལ་བའི་བཀའ་སློབ་སོགས་གནང་ཡོད་འདུག

གསར་འགོད་པ། བཀྲིས་རྣམ་རྒྱལ་དང་ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།