སུད་སི་གྲོང་ཁྱེར་ཇི་ནི་ཝའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མིས་ཞི་བའི་ལས་འགུལ་སྤེལ་བ།

ཞོགས་པ་ཆུ་ཚོད་ ༡༡ ཙམ་ནས་ཉིན་རྒྱབ་ཆུ་ཚོད་ ༤ བར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རི་ཀོན་དགོན་པའི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་ཞལ་གྲངས་ལྔ་དང་། སྤྱི་ཟུར་རྣམ་པ་གཉིས། སུད་སི་མི་མང་གི་ཚོགས་གཞོན། རི་ཀོན་དང་ཐུར་བེན་ཐལ་ས་གནས་མི་མང་བཅས་བསྡོམས་མི་གྲངས་ ༤༥ ཙམ་འདུ་འཛོམས་ཀྱིས། ཐོག་མ་ས་གནས་རི་ཀོན་གྱི་འཐུས་མི་སྐུ་ཞབས་ཐུབ་བསྟན་དགེ་ལེགས་ཀྱིས་ཉིན་དེའི་ལས་རིམ་ངོ་སྤྲོད་དང༌། དེའི་རྗེས་སུ་སི་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་ཉིེན་དེའི་ལས་འགུལ་གྱི་དམིགས་ཡུལ་རྒྱབ་ལྗོངས་བཅས་གསལ་བཤད་སྒྲུབ་རྗེས་རྒྱལ་བའི་ཞབས་བརྟན་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། བཟང་སྤྱོད་སྨོན་ལམ་བཅས་དུས་ཡུན་ཆུ་ཚོད་ལྔ་ཙམ་གསོག་སྒྲུབས་གནང་། ས་གནས་ཡུལ་མི་དང་། ཡུལ་བསྐོར་སྤྲོ་འཁྱམས་པ་སོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ཆོས་དད་རང་དབང་མེད་པ། རྒྱ་མིས་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་འདྲ་འཛིན་གྱི་ཡོད་པ་སོགས་མཁྱེན་རྟོགས་ཆེད་ངོ་སྤྲོད་ཀྱི་ཡིག་ཆ་འགྲེམས་སྤེལ་གང་མང་བྱས། ས་གནས་མི་མང་དང་། ཡུལ་བསྐོར་སྤྲོ་འཁྱམས་པས་དོ་སྣང་དང་། རྒྱབ་སྐྱོར་གྱི་རྣམ་པ་མཚོད་ཆེད་ལག་པའི་ཐལ་མོ་བཏེགས་པ་སོགས་མཐོང་རྒྱུ་མང་པོ་བྱུང་། ལས་འགུལ་མཇུག་མ་བསྒྲིལ་གོང་ས་གནས་རི་ཀོན་གྱི་འཐུས་མི་སྐུ་ཞབས་ཐུབ་བསྟན་དགེ་ལེགས་དང་། ས་གནས་ཐུར་བེན་ཐལ་གྱི་འཐུས་མི་སྐུ་ཞབས་ཚེ་བརྟན་མགོན་པོ་གཉིས་ཀྱི་མཚན་རྟགས་འཁོད་པའི་ཞུ་སྙན་ཞིག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་སྐུ་ཞབས་ པི་ལ་ཡི་ མཆོག་གི་མཚན་ཐོག་ཏུ་ཕུལ། ཞུ་སྙན་དེའི་ནང་འཁོད་དོན། རྒྱ་མིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སོགས་མཁྱེན་རྟོགས་ཆེད་འཕྲལ་དུ་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་གཏོང་གནང་ཡོང་བའི་འབོད་བསྐུལ་ཞུས་ཡོད། དེ་ནས་ཉིན་རྒྱབ་ཆུ་ཚོད་བཞི་ཙམ་དུ་བདེན་ཚིག་སྨོན་ལམ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འུར་སྒྲ་དང་བཅས་ཉིན་དེའི་ལས་འགུལ་མཇུག་བསྒྲིལ།གསར་འགྱུར་འཁོད་གཏོང་བ།སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།