རྒྱལ་ཚོགས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་སྐོར་ལ་གཏམ་བཤད་གནང་འདུག

དེ་རིང་ཕྱི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་གསུམ་པའི་བར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་གཉིས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཐད་ལ་གསུང་བཤད་གནང་འདུག

 དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཐེངས་འདིའི་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཆེན་མོ་འདིའི་སྐུ་མགྲོན་དུ་ཆེད་ཕེབས་གནང་བའི་གོ་སྐབས་དང་བསྟུན་ནས་(STPI)་ཚོགས་པས་མཉམ་འབྲེལ་རྒྱལ་གྱི་ནང་ཟུར་ཚོགས་ཞིག་གོ་སྒྲིག་གནང་སྟེ་བཀའ་བློན་མཆོག་ནས་ཚོགས་ཞུགས་པ་ཡོངས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ངོ་སྤྲོད་དང་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གི་སྐོར་ལ་གཏམ་བཤད་གནང་འདུག  ཐེངས་འདིའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་སུ་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་མང་པོ་ཞིག་མཉམ་བྱས་འདུག་པ་མ་ཟད།  བོད་དང་རྒྱ་ནག་ནས་ཕེབས་མཁན་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཐེངས་འདིར་ཟུར་ཚོགས་སུ་མཉམ་ཞུགས་བྱ་ཚད་ནི་སྐབས་སྔོན་མ་དག་དང་བསྡུར་ན་ཚད་གཞི་ཧ་ཅང་མཐོ་སླེབས་འདུག

(STPI) society for threatened peoples international. ཞེས་པའི་འདི་ནི་ཇཱར་མན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་ཡིན་འདུག  ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་གོ་རྟོགས་སྤེལ་རྒྱུ་དང་རྒྱལ་ཁབ་འདྲ་མིན་ནང་གཉའ་གནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་འདུག  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།