ལུ་ཛན་ས་གནས་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་ལྷག་དཀར་ལྷག་དཀར་སྲུང་བརྩི།

 ཕྱི་ལོ་༢༠༡༧ ཟླ་༡ ཚེས་༢༥ རེས་གཟའ་ལྷག་པའི་ཉིན་ལུ་ཛན་ས་གནས་བོད་ཡིག་སློབ་གྲྭ་རྣམ་ཀུན་བཞིན་ཚོགས་ཡོད་པ་དང་། དེ་ཉིན་༢༠༡༦ ཟླ་༡༢ཚེས་༤ཉིན་དགེ་རྒན་ཕ་མའི་ཚོགས་འདུའི་སྐབས་སློབ་ཕྲུག་ཚོས་༢༠༡༧ཟླ་བ་དང་པོ་ནས་བཟུང་ལྷག་དཀར་དང་སྟབས་བསྟུན་རེས་གཟའ་ལྷག་པ་ཉིན་བོད་ཆས་གྱོན་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག

ས་གནས་ལུ་ཛན་བོད་ཡིག་སློབ་གྲྭའི་འགན་འཛིན་ཟླ་བ་ལགས་ཀྱིས་གནས་ཚུལ་གཏོང་འབྱོར་བྱུང་བའི་ནང་འཁོད་དོན། ༢༠༡༦ ཟླ་༡༢ ཚེས་༤ ཉིན་ས་གནས་སློབ་ཕྲུག་ཚོའི་ཕ་མ་དང་དགེ་རྣམ་རྣམས་ཀྱི་སྤྱི་མོས་ཐོག་ལྷག་དཀར་ཉིན་སློབ་ཕྲུག་ཚོས་བོད་ཆས་གཙང་མ་སྤྲས་དེ་བོད་ཡིག་སློབ་ཁྲིད་ཞུ་གཏན་འབེབ་བྱུང་དོན་ལྟར། གོང་ཚེས་ཉིན་སློབ་ཕྲུག་ཚོས་བོད་ཆས་གཙང་མ་སྤྲས་ཡོད་པ་དང་བོད་དགེ་ནུབ་པ་བུ་ཆུང་ལགས་ཀྱིས་སློབ་མ་ཚོར་སློབ་ཁྲིད་གནང་སྐབས་སུད་སི་དང་ལེག་ཏན་སིཊན་བོད་རིགས་མི་མང་གསར་འཕྲིན་གྱི་པར་པ་དང་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བརྙན་པར་ཡང་བླངས་ཡོད། ཅེས་དང་། རྩ་བའི་ལུ་ཛན་བོད་སློབ་འདི་ཉིད་ཐོག་མ་༢༠༠༦ ལོ་ནས་འགོ་འཛུགས་བྱས་པ་ནས་ད་བར་མི་ལོ་ཧྲིལ་པོ་བཅུ་འཁོར་ཟིན་པ་མ་ཟད། ཕྱི་ལོ་༢༠༡༦ ཟླ་༨ པ་ནས་བཟུང་ལུ་ཛན་མངའ་སྡེ་གཞུང་གི་སློབ་ཁོངས་སུ་ཚུད་ཡོད། ད་ལྟའི་ཆར་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་དང་ལེགས་བྱང་སོགས་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་སློབ་གྲྭ་ཚགས་ཚུད་ངང་བློ་གསར་ན་གཞོན་དག་ལ་བོད་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་གང་ལེགས་སྤྲད་དང་སྤྲོད་མུས་ཡིན་པའི་གནས་ཚུལ་འཁོད་འདུག
གནས་ཚུལ་མཁོ་གཏོང་བ།   བཀྲ་ཤིས་ཟླ་བ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།