ལྡི་ལིར་རང་ལུས་མེར་བསྲེག་གི་ངོ་རྒོལ།


དེ་རིང་ལྡི་ལིར་མི་མང་འཛོམས་ནས་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་དང་། ལྡི་ལི་བསམ་གླིང་གཞིས་སྒར་༼མཱན་ཇུ་ཀ་ཏྲི་ལར༽གནས་སྡོད་ཁམས་རྟའུ་ནས་ཡིན་པའི་མི་ཞིག་གིས་རྗན་ཊར་མན་ཊར་དུ་སྐུ་ལུས་མེར་བསྲེགས་བཏང་སོང་ཟེར། མིང་ལ་འཇམ་དཔལ་ཡེ་ཤེས་ཟེར་གྱི་འདུག ད་ལྟ་སྨན་ཁང་དུ་ཁྱེར་ཡོད་ཚོད་འདུག་ཀྱང། མེ་འབར་ཤུགས་ཆེ་བས་གསོན་རྒྱུའི་རེ་བ་མེད་ལྟ་བུར་བརྗོད་ཀྱི་འདུག
མེར་བསྲེག་གཏོང་སའི་ས་གནས་གནས་རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་ངོ་སྤྲོད་གནང་དོན། ཞོགས་པ་བོད་མི་ཚང་མ་ལས་འགུལ་སྤེལ་སར་འགྲོ་སྐབས། བྱམས་པ་ཡེ་ཤེས་ལགས་ཀྱིས་ཁོང་གི་རོགས་པ་ཚོར་ལག་འཇུ་བྱས་པ་དང་། དེ་ནས་ཁྱེད་ཚོ་སྔོན་ལ་སོང་། ང་ལྷ་ཁང་དུ་འགྲོ་དགོས་ཞེས་བརྗོད་འདུག སྐབས་དེར་རོགས་པ་ཚོས་ཁྱེད་ཀྱིས་ཅིག་གྲ་སྒྲིག་བྱེད་ཀྱི་མེད་དམ། དེ་འདྲ་བྱེད་མི་ཉན་ཞེས་བརྗོད་སྐབས། ཁོང་གད་མོ་ཞིག་བགད་ནས་སོང་ཡོད་འདུག ལས་འགུལ་སྤེལ་སར་སླེབས་སྐབས་ཁོང་གིས་རྒྱབ་ཁུག་ཆུང་ཆུང་ཞིག་ཁུར་འདུག དེ་ནས་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་ཞིག་གིས་ལས་འགུལ་བར་གཏམ་བཤད་བྱེད་བཞིན་པའི་སྐབས། ཁོང་གིས་རང་ལུས་མེར་བསྲེག་བཏང་སྟེ། རྒྱུགས་བཞིན་པའི་སྐབས། ལམ་བར་ནས་ལྷམ་གཅིག་ཟག་འདུག ལྷམ་ཚང་མ་མེ་ཡིས་ཚིགས་ཡོད་འདུག་ཅེས་བརྗོད་སོང་།ཁོང་གིས་མུ་མཐུད་བརྗོད་དོན། བྱམས་པ་ཡེ་ཤེས་༢༠༠༦ ལོར་རྒྱ་གར་དུ་ཡོང་བ་དང་། རྗེས་སུ་ལོ་གསུམ་ལ་ལྡི་ལིར་བསྡད་ཡོད་འདུག དུས་རྒྱུན་བོད་དོན་ལས་འགུལ་ག་རེ་སྤེལ་ཡང་ཁོང་ལས་འགུལ་མཉམ་ཞུགས་བྱེད་མཁན་བོད་དོན་སེམས་ཤུགས་ཆེན་པོ་རེད་ཅེས་བརྗོད་སོང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།