ས་གནས་ཚོགས་ཆུང་ཤབ་ཧའོ་སིར་སྨོན་ལམ་མཆོད་འབུལ།
༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་ཉི་མ་ཉིན་རྒྱབ་ཚོུད་ ༡༧ ནས་ ༡༩/༣༠ བར་སུད་སི་ས་གནས་ཚོགས་ཆུང་ཤབ་ཧའོ་སིར་གནས་སྡོད་བོད་རིགས་མི་གྲངས་ ༢༨ སྐོར་མཉམ་འཚོགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། རྡ་སར་རྒྱ་གར་ཡུལ་མི་གསུམ་གྱི་དམར་བསོད་བཏང་བས་བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་རྣམ་བརྒྱད་དང་ཡིག་དྲུག་མཎི་སོགས་བསྔོ་སྨོན་གསུངས་འདོན་དམ་གཟབ་གནང་སོང་བ་བཅས་ས་འཐུས་བློ་བཟང་ལེགས་བཤད་ཀྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།