ས་གནས་འཛུ་རིག་ཚོགས་ཆུང་གི་མཆོད་འབུལ་དང་སྨོན་ལམ་གསུང་པ།
༄༅། །ང་ཚོའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མཆོད་མེར་ཕུལ་ནས་སྐུ་སྲོག་དོར་པ་དང་། རང་ལུས་མཆོད་མེར་ཕུལ་ཀྱང་འདས་གྲོངས་སུ་མ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད ། ཕྱི་ལོ་༢༠༡༢ཟླ་༤ཚེས་༦ཉིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ཚོགས་ཁང་ནང་ ། རི་ཀོན་ཆོས་འཁོར་དགོན་གྱི་སློབ་དཔོན་བདེ་མཁོ་དབུ་བཞུགས་ཀྱིས་ས་གནས་འཛུ་རིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་རྒྱ་ཡི་བཙོན་དུ་སྡུག་སྦྱོང་མྱོང་བཞིན་པའི་གསོན་པོ་རྣམས་མྱུར་དུ་བཙོན་གྲོལ་ཐོབ་ཐབས་དང་ ། འདས་པོ་དམ་པ་རྣམས་མི་རིང་རང་དབང་ལུང་པའི་ནང་སྐྱེ་བ་བླངས་ཏེ་འགྲོ་བ་མིའི་རིན་ཐང་ལ་ཅི་དགའ་གང་འདོད་དུ་ལོངས་སུ་སྤྱོད་ཐུབ་པར་མཆོད་འབུལ་དང་སྨོན་ལམ་བསྐྱོན་པ་མ་ཟད ། འཚེ་མེད་ཞི་བའི་བོད་མིའི་བདེན་དོན་འཐབ་རྩོད་མི་འགྱངས་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུས་ཡོད་པ་རེད།། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།