ས་གནས་ར་པརསི་ཝིལ་ཡོ་ན་མི་མང་ཡོངས་ནས་གསོལ་འདེབས་ཞུས།

༄༅། །ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༤ ཚེས་ ༢༢ རེས་གཟའ་སྤེན་པ་དགེ་བའི་ཉིན་འདི་ག་ས་གནས་ར་པརསི་ཝིལ་ཡོ་ན་གྲོང་བརྡལ་སྤྱི་ཁང་ནང་ས་གནས་འཐུས་མི་དང་མི་མང་ཡོངས་ནས་གསོལ་འདེབས་ཞུས་བཞིན། རི་ཀོན་ཆོས་འཁོར་དགོན་གྱི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། དེ་བཞིན་རང་གཞུང་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཆེད་ཕེབས་གནང་སྟེ། ཐོག་མར་སྔ་དྲོར་མཁན་རིན་པོ་ཆེ་མཆོག་ནས་ནང་པའི་ལྟ་སྤྱོད་ཀྱི་གལ་གནད་སྙིང་སྡུས་དང་། ཉིན་རྒྱབ་སྐུ་ངོ་དོན་གཅོད་ལགས་ནས་བོད་དོན་སློབ་གསོའི་སྐོར་ཀྱི་བཀའ་སློབ་བཅས་བསྩལ།

སྐབས་དེར་སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་མཉམ་བཞུགས་ཐོག་འབྲེལ་ཡོད་ས་གནས་མི་མང་ ༦༠ ཙམ་ཚོགས་བཅར་ཞུས་ཐུབ་པ་བྱུང་བ་མ་ཟད། ནང་ཆོས་ངོ་སྤྲོད་དང་། བོད་དོན་སློབ་གསོའི་ལས་རིམ་སྐབས་ཚོགས་བཅར་མི་མང་ཡོངས་ནས་དོན་གཉེར་ཆེན་པོས་ནང་པའི་ཆོས་ལ་སློབ་གཉེར་བྱེད་ཕྱོགས་སྤྱི་དང་། ཁྱད་པར་བོད་དོན་གལ་གནད་་སྐོར་ལ་བགྲོ་གླེང་སྦྱང་བཤད་ཀྱང་གནང་ཐུབ་པ་བྱུང་།

མདོར་ན་དེའི་ཉིན་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་རིམ་ཧ་ཅང་ལེགས་གྲུབ་བྱུང་བ་མ་ཟད། བར་གསེང་སྐབས་དད་ལྡན་མི་མང་ཡོངས་ལ་གསོལ་ཇ་བཞེས་ཏོག་དང་། ཉིན་གུང་གསོལ་ཚིགས་ཟབ་རྒྱས་ཤིག་གོ་སྒྲིག་གང་ལེགས་ཞུ་ཐུབ་པ་བྱུང་།གནས་ཚུལ་མཁོ་གཏོང་བ། འདི་གའི་ས་གནས་འཐུས་མི་ཀརྨ་འཕྲིན་ལས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སྡོམས་རོགས།