ས་གནས་ལོ་ཟན་ ( Lausanne) དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་འབྲེལ་ནས་ལོ་སར་སྲུང་བརྩི་གནང་།

༢༠༢༠ ལོའི་བོད་ཟླ་༡་ཚེས་༦ཉིན་ལོ་ཟན་བོད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག ས་གནས་སུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་སྦྲག་བོད་ཀྱི་ལོ་སར་སྲུང་བརྩི་གནང་ཡོད་པ་དང་། ས་གནས་བོད་རིགས་མི་མང་དང་ཕྱི་རྒྱལ་མི་མང་ཁག་ཅིག་བཅས་མཉམ་འཛོམས་ཐོག་བོད་གནས་ངོ་སྤྲོད་སོགས་གནང་ཡོད་འདུག

འདི་གར་ས་གནས་འཐུས་མི་རྡོ་ཚང་ཆོས་གྲགས་ལགས་ཀྱིས་གནས་ཚུལ་གཏོང་འབྱོར་ལྟར་ན། གོང་ཚེས་ཉིན་ས་གནས་ཡུལ་མི་དང་མཉམ་དུ་ལོ་སར་སྲུང་བརྩི་བྱས་ཡོད་པ་དང་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་ཅིང་། མཛད་རིམ་འདི་བཞིན་ཚོགས་ཆུང་འདི་དབུ་ཚུགས་པ་ནས་ལོ་ལྟར་གཉེར་བཞིན་པའི་ཚོགས་ཆུང་གི་བྱེད་སྒོ་གལ་ཆེ་ཤོས་ཤིག་ཀྱང་ཡིན་པ་དང་།  དེ་ལྟར་བྱེད་དགོས་དོན་ཡང་བོད་ཀྱི་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ས་གནས་ཡུལ་མི་ཚོ་ལ་གོ་རྟོགས་དང་རྒྱུས་མངའ་ཡོང་བ། དེ་དང་འབྲེལ་ནས་བོད་པའི་གནས་སྟངས་ཐོག་ཤེས་རྟོགས་དང་དོ་སྣང་ཡོང་བ།  དེ་བཞིན་ས་གནས་ཡུལ་མི་ཚོ་དང་བོད་མིའི་བར་འབྲེལ་ལམ་དང་ངོ་ཤེས་ཡོང་ཐབས།ལྷག་པར་ལོ་ཟན་བོད་རིགས་ཚོགས་ཆུང་འདི་ཉིད་ས་བརྟན་ཡོང་སླད་དཔལ་འབྱོར་བསྡུ་རུབ་ཡོང་སླད་བཅས། མཛད་རིམ་འདི་ནི་ཚོགས་ཆུང་གི་ལས་འགུལ་གལ་ཆེན་ཞིག་ཆགས་ཤིག་ཆགས་ཡོད་འདུག  

རིག་གཞུང་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་ལོ་རེ་བཞིན་ཕྱི་རྒྱལ་མི་སྣ་མཉམ་བཞུགས་བྱེད་མཁན་ཇེ་མང་ལ་འགྲོ་གི་ཡོད་པ་དང་འདི་ལོར་ལོ་སྔོན་མ་དང་སྡུར་ན་བརྒྱ་ཆ་20%ཙམ་འཕར་ནས་ཐ་ན་ཚོགས་ཁང་ནང་མི་མི་ཤོང་བའི་དཀའ་ངལ་གྱིས་མི་མང་པོར་ཕར་སློག་དགོས་པའང་བྱུང་སོང་བ་དེས་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མི་ཚོས་དོ་སྣང་དང་དགའ་སྣང་གནང་མཁན་ཇེ་མང་ལ་འགྲོ་བཞིན་པ་མངོན་གྱི་ཡོད།

དེ་ཡང་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཡིད་བཞིན་ནོར་བུའི་བཀའ་དགོངས་ལམ་སྟོན་སྙིང་ལ་བཅངས་པའི་ཐོག་ནས། རིགས་གཞུང་ཁྲབ་སྟོན་མ་བྱས་གོང་ས་གནས་བོད་མི་ཚོས་སྡིང་ཆའི་སྒང་ལ་བསྡད་ནས་སྤྱིར་འཛམ་གླིང་ནང་ནད་ཡམ་མྱུར་དུ་ཞི་བ་དང་། ཡང་སྒོས་ཚོགས་ཁང་ནང་འཛོམས་པའི་མི་མང་ཚོར་ནད་ཡམས་ཀྱི་བར་ཆད་མི་ཡོང་བའི་ཆེད་ཆུ་ཚོད་ཕྱེད་ཀ་ཙམ་རིང་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་དང་། དེ་རྗེས་རིགས་གཞུང་འཁྲབ་སྟོན་གཟབ་རྒྱས་ཞུས་ཡོད་འདུག

གནས་ཚུལ་མཁོ་གཏོང་བ། ས་གནས་འཐུས་མི་རྡོ་ཚང་ཆོས་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།