ས་གནས་སྦེརན་དུ་ལོ་གསར་ཚེས་གཅིག་ཉིན་ ཞི་བའི་ལས་འགུལ།

༆། །སྤྱི་ལོ་ ༢༠༡༣ ཟླ་བ་ ༢ཚེས་༡༡་དགོང་དྲོ་ཆུ་ཚོད་༥་ནས་༨པའི་བར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་སྦེརན་ཚོགས་ཆུང་དང་ས་སྣེ་སྦེན་གཞོན་ནུ་ཚོགས་ཆུང་གཉིས་ཀྱི་གོ་སྒྲིགས་འོག། བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ལོའི་ལོ་གསར་ལ་སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་གང་ཡོང་མེད་པའི་ཐོག ཚེས་༡་ཉིན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་  ད་ལྟའི་ཆར་བཙན་བཟུང་འོག་དཀའ་སྡུག་མྱོང་བཞིན་པའི་ཤ་ཁྲག་གཅིག་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དང་ ཤུལ་ལུས་ནང་མི་རྣམས་ལ་གདུངས་སེམས་མཉམ་བསྐྱེད་མཚོན་ཆེད་སུད་སི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ་ (Bern Bundesplatz) མདུན་ཐང་དུ་མི་གྲང་༢༠༠་ཡིན་མིན་ཀྱི་གྲང་ངར་དང་གངས་ཧ་ཀྱང་མང་པོ་འབབ་ཀྱང་བཀའ་ངལ་འཛོམས་མེད་ཐོགས་མཆོད་འབུལ་དང་ཞལ་འདོན་སྨོན་ལམ་ཞི་བའི་སྐད་འབོད་བཅས་གནང་སོང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།