ས་གནས་ཨར་གྷའོ་ཚོགས་ཆུང་ནས་བསྔོ་སྨོན་མཆོད་འབུལ་ཞུས།

 ཕྱི་ལོ་༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༡༠/༠༠ ནས་ཚོུད་༡༦ བར་ས་གནས་ཨར་གྷའོ་ཚོགས་ཆུང་གི་མི་མང་ ༨༠ སྐོར་འདུ་ འཛོམས་ཐོག་རྒྱ་གཅེས་དཔའ་བོ་སྐལ་བཟང་ཡེ་ཤེས་ལགས་དང་། རྒྱལ་གཅེས་དཔའ་བོ་སངས་རྒྱས་མཁར་ལགས། རྒྱལ་གཅེས་དཔའ་མོ་ཚེ་པེ་སྐྱིད་ལགས་བཅས་རྣམ་པ་གསུམ་གྱི་གཙོས་ད་བར་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཞུས་ཡོད་པ་དང་། ཞལ་ལག་དང་གསོལ་ཇ་སོགས་ཁྱིམ་ཚང་གཉིས་ནས་སྦྱིན་བདག་གནང་བ་ཞིང་། མཆོད་མེ་ཞལ་འདེབས་གནང་མཁན་སོགས་མི་མང་རྣམས་ནས་ཐུགས་འཁུར་ཆེན་པོའི་བཞེས་བ་བཅས་གང་ཅིའི་ཐད་ཤིན་ཏུ་ལེགས་པོ་བྱུང་སོང།
ས་འཐུས་བསྟན་འཛིན་སྙིང་བུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།