ས་གནས་ཨར་གྷའོ་ཚོགས་ཆུང་ནས་མཆོད་འབུལ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་གི་ཚོགས་མི་བརྒྱད་ཅུ་ཙམ་འདུ་འཛོམས་ཐོག་སྔ་དྲོའི་ཕྱག་ཚོད་ ༡༠  ནས་ཕྱི་དྲོའི་ཕྱག་ཚོད་ ༦ བར་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་གོ་སྒྲིག་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་རྒྱ་ཕེབས་དོན་ལྟར་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་༼འཕགས་བསྟོད།༽དང་༼ཤེས་རབ་སྙིང་པོ།༽༼མ་ཎི་ཡིག་དྲུག༽བཅས་བོད་དོན་སྤྱི་རིམ་ཞབས་བརྟན་བསྒྲུབ་པ་དང་།  དེ་དང་ཆབས་ཅིག་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རྒྱལ་གཅེས་སྙིང་སྟོབས་ཕུལ་དུ་བྱུང་བའི་དཔའ་བོ་དཔའ་མོ་བརྒྱ་དང་ཉི་ཤུ་བརྒལ་བའི་རང་ལུས་མེར་བསྲེག་གིས་རྒྱ་ནག་སྲིད་གཞུང་གི་དྲག་གནོན་ནོར་འཚབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་།  ༸གོང་ས་༸མཆོག་བོད་དུ་གདན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པ་སོགས་ཞུ་འབོད་ལ་གདུང་སེམས་མཉམ་སྐྱེད་ཞུས་ནས་རྒྱལ་གཅེས་དཔའ་བོ་ཁོངས་རྣམས་བླ་མེད་རྫོགས་བྱང་འཐོབ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་བཅས་ཀྱི་སྨོན་འདུན་ཤུགས་དྲག་ཞུས་སོང་བའི་གནས་ཚུལ་་རུ་འགྱུར་བའི་སྨོན་འདུན་དང་བཅས།བདེན་ཉིད་རྒྱལ་གྱུར་ཅིག། ས་གནས་ཨར་གྷའོ་ཚོགས་ཆུང་གི་འཐུས་མི་སྙིང་པོ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།