ས་གནས་ཨར་གྷའོ་ཚོགས་ཆུང་ནས་སྨོན་ལམ་མཆོད་འབུལ་དང་ཚོགས་འདུ་སྐོང་འཚོགས་གནང་བ།
༢༠༡༤ ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠/༠༠ ཐོག་ས་གནས་ཨར་གྷའོ་ཚོགས་ཆུང་གི་འཐུས་མི་དང་རྒྱུན་ལས་བཅས་མི་མང་ ༧༠ སྐོར་འདུ་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་ངག་བཅད་སོགས་གཟབ་རྒྱས་དང་འབྲེལ། ས་གནས་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞུས། ཚོགས་ཆུང་གི་ཚོགས་འདུ་དང་དེ་བཞིན་སྒྲིག་གཞི་བསྐྱར་ཞིབ། ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་བཅས་གང་སྤྱིའི་ཐད་གྲ་རྒྱས་བཅས་མཇུག་སྒྲིལ་ཞུས། ས་འཐུས་བསྟན་འཛིན་སྙིང་བུས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།