ས་ར་ཟླ་བ་རྒྱལ་མཚན་ལགས་ཇི་ནེ་ཝ་རྒྱལ་སྤྱིའི་མདུན་ཐང་དུ་ལོ་གཅིག་རིང་ཞི་རྒོལ།

ས་གནས་གྷེ་རུ་སི་ནས་ཡིན་པ་ས་ར་ཟླ་བ་རྒྱལ་མཚན་ལགས་རང་ལོ་ ༦༠ ཕེབས་པ་འདི་ལོ་གསུམ་བཅུའི་དུས་དྲན་ཉིན་མོ་ནས་འགོ་བརྩམས་ཏེ་ལོ་གཅིག་ནང་ཟླ་རེ་ཚེས་ ༡༠ ཉིན་གཅིག་རིང་ལ་ལས་འགུལ་གནང་རྒྱུ་དམ་བཅའ་གཏན་པོ་བཞག་གནང་ཡོད། 
གཤམ་གསལ་དོན་ཚན་བཞི་དགོས་འདུན་ལ་རྒྱ་ནག་གཞུང་ནས་ངོས་ལེན་ལག་བསྟར་དགོས་པ་དང་། མི་མང་ནས་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་གཞན་ཡང་རྐྱང་ཕྱག་འཚལ་ནས་ཉིན་གང་བཞུགས། 
• ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་མཆོག་རྒྱ་ནག་ཏུ་རི་བོ་རྩེ་ལྔ་རུ་གནས་མཇལ་དུ་གདན་འདྲེན་ཞུ་རྒྱུ།
• གངས་ལྗོངས་ཀྱི་བླ་ཆེན་གཉིས་པ་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་དྲུག་ནས་འཛིན་བཟུང་གིས་ད་ལྟ་བར་ནང་བཙོན་དུ་བཞག་ཡོད་པས་མྱུར་དུ་གློད་གྲོལ་དགོས་པ།
• བོད་ནང་རྡུལ་ཕྲན་ཚོན་བྱའི་གད་སྙིགས་རིགས་འོར་འདྲེན་དང་རང་བྱུང་གནའ་དངོས་གཏེར་རྫས་དོང་འབྲུས་རིགས་མཚམས་འཇོག་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ།
• བོད་ནང་བཙོན་ཁང་དུ་བོད་མི་མང་པོ་དོན་མེད་ནག་ཉེས་མེད་པ་འཛིན་བཟུང་བྱེད་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་བཅས་ཡིན།ཁོང་གི་བརྗོད་དོན་ལ་སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་བོད་རྩ་དོན་ཆེད་དུ་ལས་འགན་ཞིག་ཡིན་པ་དང་། ད་ལྟ་ལས་འགུལ་ཞིག་སྤེལ་བ་དེ་ཆེ་ཆུང་ལ་མི་ལྟོས་པ་རྩ་བའི་བོད་ཟེར་བ་ཐ་སྙད་དེ་མི་བརྗེད་པ་ཆེད་དུ་ཡིན་པ་རེད་འདུག མཚན་རྟགས་ཀྱི་སྙན་ཞུ་ཐེ་ཀར་ PDF ནས་ངོ་ཤུས་གནང་རོགས། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།