ས་གནས་ཛུ་རིག་ཚོགས་ཆུང་ནས་ལོ་གསར་གཏང།།

སྤྱི་ལོ་  ༢༠༡༩ ཟླ་བ་ ༡ ཚེས་ ༡༩ ཉིན་ཛུ་རིག་ Afföltern དུ་ལོ་གསར་གཏང་ཡོད་པ་དང་ མི་མང་༢༥༠ ལྷག་འཛོམས་ཐོག་ སྐུ་ངོ་དངོས་གྲུབ་རྡོར་རྗེ་ལགས་སུ་ཐུགས་རྗེ་ལེགས་འབུལ་ཞུས་་ཡོད་་པ་རེད།

སྐུ་མགྲོན་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་རྣམས་པ་དང་ བོད་མི་མང་གི་སྤྱི་མཐུས་སྐུ་ངོ་ཟམ་མདོ་བྱམས་པ་  སྐུ་ངོ་དངོས་གྲུབ་རྡེ་རྗེ་གཙོས་པའི་དོན་ཁང་གི་ལས་བྱེད་དང་ བོད་རིགས་མི་མང་གི་ཚོགས་གཙོ་གཞོན་་བོད་ཡིག་སླཽབ་གྲྭའི་སློབས་ཁང་གཡར་གནང་མཁན་གྱི་ཕྱི་རྒྱལ་བ་ཕེབས་ཡོད་འདུག། ཛུ་རིག་ཚོགས་ཆུང་ནས་སྐུ་ངོ་དངོས་གྲུབ་རྡོར་རྗེ་མཆོག་ལ་ཐུགས་རྗེ་ཆེ་ལེགས་འབུལ་གྱི་ཡིག་ཁུག་དང་ཁ་ཏག་ཨ་ཤིལ་འབུལ། ཛུ་རིག་ཚོགས་ཆུང་གི་བོད་ཡིག་སློབ་གྲྭ་ཆེ་ཆུང་ནས་གཞས་སྣ་གཟིགས་འབུལ་དང་ མང་ཚོགས་ནས་གཞས་སྣ་ བོད་རིགས་མི་མང་གི་་སྤྱི་ཁང་ཚོགས་ཆུང་ནས་ངོ་སྤྲོད་དང་ མི་མང་གོར་གཞས་བཅས་བཀྲ་ཤིསཔའི་མཛད་རིམས་ལེག་གྲུབ་བྱུང་སོང།། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།