སུད་སི་གནས་སྡོད་ལི་ཐང་པ་སྐྱིད་སྡུག་གི་མཆོད་འབུལ།

ཡོངས་གྲགས་མཁྱེན་གསལ་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་འོག་སྐུ་བཀྲོངས་པ་མ་ཟད། རྒྱ་གཞུང་གིས་རིན་པོ་ཆེ་མཆོ་སྐུ་བགྲོངས་རྐྱེན་ལ་ར་སྤྲོད་མེད་པ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ཕྱི་ཟླ་ ༨ ཚེས་ ༢༩ རེས་གཟའ་སྤེན་པ་ཉིན་རི་ཀོང་ཆོས་འཁོར་དགོན་དུ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ཉིན་ཞག་ཞེ་དགུ་འཁེལ་འདུག་པས། རིན་པོ་ཆེ་མཆོག་གཙོས་ད་བར་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དང་། རྒྱའི་བཙོན་ཁང་ནང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཡོང་བའི་ཆེད། སུད་སི་གནས་སྡོད་ལི་ཐང་པ་སྐྱིད་སྡུག་ནས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་སྟེ། དེའི་ཉིན་རི་ཀོང་མཁན་རིན་པོ་ཆེ་མཆོག་གཙོས་པས་དགེ་འདུན་རྣམས་པ་དང་། སུད་སི་བོད་རིགས་མི་མང་ཚོགས་གཙོ་བགྲེས་གཞོན་གཉིས། ཡུ་རོབ་སྤྱི་ཟུར་རྣམ་པ། སུད་སི་བོད་རིགས་མི་མང་ཚོགས་གཙོ་ཟུར་པ་དང་མི་མང་གང་མཚམས་མང་པོ་ཕེབས་འདུག མཆོད་འབུལ་བླ་མ་མཆོད་པ་ཤིན་ཏུ་རྒྱས་པ་དྲིལ་རྔ་དབྱངས་དང་བཅས་འདུ་ཁང་ནང་འུར་སྒྲ་འདོན་ནས་དམིགས་བསལ་མི་མང་རྣམས་བློ་བདེ་ཆེན་པོ་ཚོར་སྣང་བྱུང་སོང་། མཁན་རིན་པོ་མཆོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་རྣམ་ཐར་མདོར་བསྡུས་ཞིག་སྒྲོག་སྦྱང་གནང་རྗེས་མ་ཎི་གསོག་སྒྲུབས་གནང་། ༸གོང་ས་མཆོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དམིགས་བསལ་ཆེད་བརྩོམས་ཡང་སྲིད་མྱུར་འབྱོན་གསོལ་འདེབས་ལན་གསུམ་འདོན་ནས་མཐའ་མར་མཆོད་འབུལ་ཟབ་རྒྱས་ངང་གྲོལ་ནས་མི་མང་རྣམས་ལ་གསོལ་ཚིགས་སྟབས་བདེ་ཞིག་འབུལ་གནང་གིས་གནས་ཚུལ་མདོར་བསྡུས་སོ།། །

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།