སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་སྤྱི་རིམ་ཞབས་བརྟན་གོ་སྒྲིག་ཞུས་པ།

༢༠༡༣  ཕྱི་ཟླ་  ༡༢  ཚེས་  ༢༩  ཉིན་ཞོགས་པ་ཚོུད་ ༩་་༣༠  ནས་ཉིན་གུང་ཚོུད་ ༡༢ བར་རི་ཀོན་མི་མང་ཚོགས་ཆུང་ཚོགས་ཁང་དུ་སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་དང་བཅས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་འཚོ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།  རླབས་ཆེན་ཐུགས་བཞེད་མཛད་འཕྲིན་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།  བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ཕུལ་བྱུང་སྤུན་ཟླ་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་ཞུ་རྒྱུ།  སྤྱི་མཐུན་བསོད་ནམས་གོང་དུ་འཕེལ་ཏེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བ།  ལུས་ཅན་ཐ་དག་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་འཕྲལ་ཡུན་དགའ་བདེའི་དཔལ་ལ་རོལ་བ་བཅས་ཀྱི་ཆེད་དུ་སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་མང་མོས་གྲོས་ཆོད་རིམ་བྱུང་ལྟར།  མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་ཚང་མར་གུས་འཚམས་དང་བཅས་མི་གྲངས་བརྒྱ་དང་ཉེར་ལྔ་སྐོར་གྱིས་བོད་ཀྱི་བདེན་དོན་དང་།  ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་ཡོང་ཐབས་རང་ལུས་མེར་བསྲེག་གནང་བའི་ངོ་སྤྲོད་ཐོག་ཐུགས་སྨོན་དམ་གཟབ་ཡོང་བའི་བསྐུལ་མ་ཞུས།  རི་ཀོན་འཐུས་ཚབ་བརྡ་སྐྱེལ་ལྷག་པ་ལགས་ནས་ཞལ་འདེབས་གནང་མི་རྣམས་ཀྱི་མཚན་ཐོ་བཀླགས་ནས་ཐུགས་རྗེ་ཆེ་ཞུས།  མི་མང་རྣམས་ལ་གསོལ་ཇ་དང།  ཉིན་གུང་གསོལ་ཚིགས་ཤ་འབྲས་འདེགས་འབུལ་ཞུས་སོང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།