སུད་སི་དང་ལིཀ་ཏེན་སིཊཡན་ས་གནས་གྲོས་ཚོགས་ཐེངས་ ༢ ་པ་འཚོགས་ཡོད།

ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ཚེས་༢༣ ཉིན་སུད་སི་དང་ལིཀ་ཏེན་སིཊཡན་ས་འཐུས་སྐབས་ ༡༥ ནས་ས་གནས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་ཡོད།

དེ་ཡང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་མཆེད་ངག་བཅད་སྐར་མ་གཅིག་རིང་གནང་སྟེ་ཚོགས་གཅོས་གྲོས་ཚོགས་དབུ་འཚུགས་གནང་སོང་།

གྲོས་ཚོགས་ནང་གྲོས་འཆར་གཉིས་བྱུང་བར་བགྲོ་གླིང་ལྷུག་པོར་གནང་ནས་གསུམ་ཆ་གཉིས་ལ་ལོན་པའི་ཐག་གཅོད་གཙང་མ་གནང་ཐུབ།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཕེབས་ནས་ས་འཐུས་ངོ་སྤྲོད་དང་བཀའ་སློས་གནང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 2 སྡོམས་རོགས།